[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • འཕྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གིས།

    བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-07

    (法制报、新媒体)西藏昌果边境派出所开展(1373141)-h_s.jpg

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ། 

    འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འཕྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གིས“དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། མཐའ་སྲུང་གི་ཐོག་མའི་བསམ་འདུན་ལ་ཞུན་བརྡར་སྤྲོད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་སྲི་ཆོས་ཐར་པ་གདན་དྲངས་ནས་མཐའ་མཚམས་སྲུང་སྐྱོང་གི་མི་སེམས་འགུལ་བའི་བྱས་རྗེས་གླེང་བ་རེད།

    སྲི་ཆོས་ཐར་པས་མཐའ་སྲུང་ལས་ཀ་བྱས་ནས་ལོ་18ཙམ་སོང་བ་དང་། “རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། འཕྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གི་མཐའ་སྲུང་མཉམ་འགོག་རུ་ཁག་གི་རུ་དཔོན་སྲི་ཆོས་ཐར་པས་མཐའ་སྲུང་མཉམ་འགོག་རུ་ཁག་གི་སྣེ་ཁྲིད་དེ། མཐའ་མཚམས་སྐོར་ཞིབ་ལས་འགན་ཐེངས་800ལྷག་ཙམ་བསྒྲུབས་པ་དང་ལམ་ཐག་སྤྱི་ལེ་ཁྲི་20ལྷག་ཙམ་བསྐྱོད་ཡོད་པ་རེད།

    “སྲི་ཆོས་ཐར་པ་ནི་ང་ཚོའི་ཉེ་འགྲམ་གྱི་དཔེ་མཚོན་རེད། ཁོང་གི་བྲང་ཁར་བཏགས་པའི་གཟེངས་རྟགས་དེ་དག་མཐོང་སྐབས། ཁོང་གིས་ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་འཕྲང་སྒོ་སྲུང་དོན་གསལ་པོ་རྟོགས་བྱུང”ཞེས་མི་དམངས་ཉེན་རྟོག་པ་ཚེ་རིང་དོན་གྲུབ་ཀྱིས་སྲི་ཆོས་ཐར་པའི་བྲང་ཁའི་བྱས་རྗེས་གཟེངས་རྟགས་ལ་ལྟ་བཞིན་དེ་ལྟར་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།