[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས།

    2021ལོའི་ལོ་འཁོར་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་བཏང་བའི་ཆེད་དོན་བཙོག་དངུལ་སློག་པའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-07

    (法制报:平安扎囊 配图 )扎囊县公安局(1340421)-h_s.jpg

    ཉིན་ཤས་གོང་གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས་2021ལོའི་ལོ་འཁོར་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱས་པའི་ཆེད་དོན་བཙོག་དངུལ་སློག་པའི་ཚོགས་ཆེན་འཚོགས་ཏེ། གྱོད་གཞིའི་འདེད་ལེན་བྱས་པའི་མ་དངུལ་གནོད་འཚེ་ཕོག་མཁན་ལ་གཅིག་སྡུད་སྤྲད་པ་དང་སྦྲགས། རྒྱ་ཆེའི་མི་དམངས་ཉེན་རྟོག་པར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། དུས་བདེའི་གྲ་ནང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུ་གྲོལ་རྗེས། གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བསོད་ནམས་བག་གྲོས་ཉེས་དོན་མྱུལ་ཞིབ་མི་དམངས་ཉེན་རྟོག་པ་དང་མཉམ་དུ་བླངས་པའི་མ་དངུལ་སྒོར་ཁྲི་30ལྷག་ཙམ་གནོད་འཚེ་ཕོག་མཁན་ལ་རེ་རེ་བཞིན་སྤྲད་པ་དང་། གནོད་འཚེ་ཕོག་མཁན་ལ་བསླབ་བྱ་བླངས་ནས་ཁ་བསླུས་འགོག་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་གནས་ཚུལ་འདི་རིགས་སླར་ཡང་མི་ཐོན་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད། གནོད་འཚེ་ཕོག་མཁན་གྱིས་གྲ་ནང་རྫོང་སྤྱི་བདེ་ཅུས་དང་མི་དམངས་ཉེན་རྟོག་པས་ལས་འགན་གཙང་སྒྲུབ་དང་གྱོད་གཞི་རྩད་མགྱོགས་པོ་བཅད་ནས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པའི་གོས་དར་5སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།