[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྷ་ས་གྲོང་ཁྱེར་གྱིས་དགོན་སྡེའི་དགེ་འདུན་པའི“ང་ངའི་མེས་རྒྱལ་ལ་དགའ”ཞེས་པའི་རྩ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    fzhb13_s.jpg

    འདི་ནི་དགེ་འདུན་པའི་འཐུས་མི་ངག་དབང་འཇིགས་མེད(གཡོན་གྱི་དང་པོ)ཀྱིས《རྩ་ཁྲིམས》ཀྱི་གླེང་གཞི་ཀློག་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱུད་སྨད་དགོན་གྱི་དགེ་འདུན་པའི“ང་ངའི་མེས་རྒྱལ་ལ་དགའ”ཞེས་པའི་རྩ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་རྒྱུད་སྨད་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་སྤེན་པ་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་ཁྲིམས་ཐིང་དང་། ལྷ་ས་གྲོང་ཁྱེར་སྲིད་ཁྲིམས་ཅུས། ཁྲེང་ཀོན་ཆུས་སྲིད་ཁྲིམས་ཅུས། དེ་བཞིན་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་པ་སོགས་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱུད་སྨད་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་འགྱུར་མེད་ཀྱིས་སྤེལ་རེས་གཏམ་བཤད་གནང་སྐབས། “ཆོས་ལུགས་གཏོགས་ཁོངས་ཀྱི་མི་སྣ་ཞིག་ལ་མཚོན་ན། ང་ཚོས་སྤྱི་དམངས་ཀྱི་འདུ་ཤེས་ཟབ་མོ་བཅངས་ནས་རྒྱལ་གཅེས་དང་ཆོས་གཅེས་ཟུང་འབྲེལ་གྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དང་མཐུན་པར་བྱེད་སྒོ་སྤེལ་དགོས་ལ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་མི་སྣ་ཚང་མས་ངེས་པར་དུ་བཅའ་ཁྲིམས་ཀྱི་ལ་རྒྱར་སྲུང་སྐྱོང་དང་། མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ལ་འགྱུར་བ་བྱེད་དགོས། མཇུག་ཏུ་ངས་མེས་རྒྱལ་དབུས་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན”ཞེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་དགོན་སྡེའི་དགེ་འདུན་པའི“ང་ངའི་མེས་རྒྱལ་ལ་དགའ”ཞེས་པའི་རྩ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་ནི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་རེད། རྩ་ཁྲིམས་སློབ་སྦྱོང་གི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་ལས་དགོན་སྡེའི་དགེ་འདུན་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་དང་ཁྲིམས་ལུགས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་དང་། རང་རྟོགས་ངང་བཅའ་ཁྲིམས་ལ་བརྩི་སྲུང་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་སྲུང་སྐྱོང་། བཅའ་ཁྲིམས་བེད་སྤྱོད་བཅས་ཀྱི་ཁོང་ཚོའི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། རྒྱལ་གཅེས་ཀྱི་སྤྲོ་སེམས་ཀྱང་འཕེལ་ནས་བཅའ་ཁྲིམས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།