[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • མངའ་རིས་ཀྱིས་འགྲིམ་འགྲུལ་ལས་འཛོལ་བཞིའི་བྲོས་བྱོལ་པ་དམར་འདོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཉེ་ཆར། གསར་འགོད་པས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར། ཟླ་8ཚེས་16ཉིན་གྱི་ཆུ་ཚོད་དང་པོ་ཙམ་ལ་ཁ་ལོ་བ་ངག་ཆེ་གེ་མོས་འཁོར་རྟགས་བོད་FD7XXXཡིན་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་བཏང་ནས། སེང་གེ་ཁ་འབབ་གྲོང་རྡལ་རིག་གནས་ལམ་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཁུལ་དང་པོའི་གཡས་ཕྱོགས་ཀྱི་སྲང་ལམ་དང་པོའི་བྱང་ངོས་ནས་ལྷོ་ངོས་སུ་རྒྱབ་བཤིག་རྒྱག་སྐབས། གཞོགས་གཡས་སུ་བཞག་པའི་འཁོར་རྟགས་བོད་FB6055ཡིན་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་གཞན་ཞིག་ལ་བརྡུངས་པ་དང་། དེ་ནས་མུ་མཐུད་རྒྱབ་བཤིག་རྒྱག་སྐབས་གཡས་སུ་བཞག་པའི་འཁོར་གསུམ་རྐང་འཁོར་ཞིག་ལ་བརྡུངས་པས་འཁོར་རིགས་དེ་དག་ལ་ཚད་གཞི་མི་འདྲ་བའི་སྐྱོན་ཤོར་ཡང་ཁ་ལོ་བ་ངག་ཆེ་གེ་མོས་འཁོར་རྟགས་བོད་FD7XXXཡིན་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་དེ་བཏང་སྟེ་ལས་འཛོལ་ཐོན་ཡུལ་ནས་བྱོས་བྲོལ་དུ་སོང་བ་རེད།

    ཟླ་8ཚེས་18ཉིན་གྱི་ཆུ་ཚོད་5དང་སྐར་མ་26ཙམ་ལ་ཁ་ལོ་བ་བློ་ཆེ་གེ་མོས་འཁོར་རྟགས་བོད་DH9XXXཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་བཏང་ནས། སེང་གེ་ཁ་འབབ་གྲོང་རྡལ་རིག་གནས་ལམ་གྱི་ནུབ་ངོས་ནས་ཤར་ངོས་སུ་སྐྱོད་སྐབས། རིག་གནས་ལམ་ཤིང་ཏེ་སྒོ་བསྟེན་སྨན་ཁང་གི་སྒོ་རྩར་བཞག་པའི་འཁོར་རྟགས་ཁྲོན་BC6XXXཡིན་པའི་འཇིབ་ཆུང་རླངས་འཁོར་ཞིག་ལ་བརྡར་རྗེས་འཁོར་རིགས་གཉིས་ཀར་ཚད་གཞི་མི་འདྲ་བའི་སྐྱོན་ཤོར་ཡང་། ཁ་ལོ་བ་བློ་ཆེ་གེ་མོས་འཁོར་རྟགས་བོད་DH9XXXཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དེ་བཏང་སྟེ་ལས་འཛོལ་ཐོན་ཡུལ་ནས་བྱོས་བྲོལ་དུ་སོང་བ་རེད།

    ཟླ་8ཚེས་23ཉིན་གྱི་ཆུ་ཚོད་0དང་སྐར་མ་20ཙམ་ལ་ཁ་ལོ་བ་བཀྲ་ཆེ་གེ་མོས་འཁོར་རྟགས་མེད་པའི་འདྲུད་འཐེན་འཕྲུལ་འཁོར་ཞིག་བཏང་ནས་སེང་གེ་ཁ་འབབ་གྲོང་རྡལ་རིག་གནས་ལམ་གྱི་ནུབ་ངོས་ནས་ཤར་ངོས་སུ་སྐྱོད་སྐབས། མདུན་གྱི་འཁོར་རྟགས་མེད་པའི་འཁོར་གསུམ་གློག་སྒུལ་འཁོར་ལོ་ཞིག་ལས་སྒྲོལ་སྐབས་ཕན་ཚུན་བརྡར་ནས་འཁོར་གསུམ་གློག་སྒུལ་འཁོར་ལོ་དེ་མགོ་རྟིང་ལོག་སྟེ། འཁོར་གསུམ་གློག་སྒུལ་འཁོར་ལོའི་ཁ་ལོ་བ་དགའ་ཆེ་གེ་མོར་རྨས་སྐྱོན་ཕོག་པ་དང་འབྲེལ། འཁོར་རིགས་གཉིས་ཀར་ཚད་གཞི་མི་འདྲ་བའི་སྐྱོན་ཤོར་ཡང་ཁ་ལོ་བ་བཀྲ་ཆེ་གེ་མོས་འཁོར་རྟགས་མེད་པའི་འདྲུད་འཐེན་འཕྲུལ་འཁོར་དེ་བཏང་སྟེ་ལས་འཛོལ་ཐོན་ཡུལ་ནས་བྱོས་བྲོལ་དུ་སོང་བ་རེད།

    ཟླ་8ཚེས་24ཉིན་གྱི་ཆུ་ཚོད་1དང་སྐར་མ་52ཙམ་ལ་ཁ་ལོ་བ་ཡུང་ཆེ་གེ་མོས་འཁོར་རྟགས་བོད་FE7XXXཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་བཏང་ནས་སེང་གེ་ཁ་འབབ་གྲོང་རྡལ་སྔོན་སྐྱོད་ལམ་གྱི་ཤར་ངོས་ནས་ནུབ་ངོས་སུ་རྒྱབ་བཤིག་རྒྱག་སྐབས། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རྒྱལ་སྒོའི་མདུན་གྱི་འགོག་བཀག་ལ་བརྡུངས་རྗེས་འགོག་བཀག་དང་འཁོར་རིགས་ལ་སྐྱོན་ཤོར་ཡང་ཁ་ལོ་བ་ཡུང་ཆེ་གེ་མོས་འཁོར་རྟགས་བོད་FE7XXXཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དེ་བཏང་སྟེ་ལས་འཛོལ་ཐོན་ཡུལ་ནས་བྱོས་བྲོལ་དུ་སོང་བ་རེད།

    གོང་གི་འགྲིལ་འགྲུལ་ལས་འཛོལ་བཞི་ཐོན་རྗེས། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལས་འཛོལ་ཁོའོ་ཡིས་འཕྲལ་དུ་བྲོས་བྱོལ་ལས་འཛོལ་མྱུལ་ཞིབ་གྱོད་ཐོ་བཀོད་པ་དང་། རླངས་འཁོར་གྱི་ཆ་འཕྲིན་དང་། དེ་བཞིན་ལྡིར་སོ་སྤྲོས་ཆས་ཀྱི་བརྙན་ཐུང་གཞིར་བཟུང་། གོང་གི་ལས་འཛོལ་ཚང་མ་དེ་ཉིན་རྩད་ཆོད་ཐུབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།