[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གོང་དཀར་རྫོང་དུ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ནང་ཞུགས་པའི་ཚ་རླབས་ཤིག་འཕྱུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    འདི་ལོ་ཤར་ཚུན་གོང་དཀར་རྫོང་དུ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་འདེགས་སྐྱོར་དུ་བྱས་ཏེ། སློབ་སྦྱོང་བྱས་ཚུལ་བསྡུར་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚ་རླབས་ཤིག་འཕྱུར་ཡོད།

    གོང་དཀར་རྫོང་གིས“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ནང་ཞུགས་པའི་དོན་སྙིང་གལ་ཆེན་གསལ་འགྲེལ་གཏིང་ཟབ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་གི་རང་འགུལ་རང་བཞིན་ཆེ་རུ་བཏང་བ་དང་ཆབས་ཅིག་རིམ་ཁག་ཏང་རྩ་འཛུགས་གཞི་རྟེན་དུ་བྱས་ནས་རིམ་པ་བཞིན་སློབ་སྦྱོང་རྩ་འཛུགས་ཀྱི་སྒྲོམ་གཞི་བཟོས་ཡོད། མིག་སྔའི་བར་ཏང་ཀྲི་པུའུ་68ཀྱི“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སློབ་སྦྱོང་ཚོགས་ཆུང་བཙུགས་པའི་ཁོངས་སུ་ཏང་ཡོན་དང་ལས་བྱེད་པ་1300གཏོགས་པ་དང་ཏང་ཡོན་དང་ལས་བྱེད་པས་དྲ་ཐོག་ནས་སློབ་སྦྱོང་བྱེད་ཚད་92.2%ཟིན་ཡོད། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ལས་སྟེགས་ཏེ་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི“སློབ་སྦྱོང་གི་མཐོ་ས་གསར་པ”དང“བསམ་པའི་འཚོ་བཅུད་ལེན་ས”ཞིག་ཏུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།