[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྷོ་ཁས་གན་རྒྱའི་ཁ་བསླུས་ཀྱི་མུ་འབྲེལ་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།

    ཉེན་རྟོག་ཕྱོགས་ཀྱིས་གྱོད་འབྲེལ་བསླུས་དངུལ་སྒོར་ཁྲི་75ཚུར་བླངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གན་རྒྱའི་ཁ་བསླུས་ཀྱི་མུ་འབྲེལ་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་པད་ཆེ་གེ་མོ་བཟུང་སྟེ་གྱོད་འབྲེལ་བསླུས་དངུལ་སྒོར་ཁྲི་75ཚུར་བླངས་པ་རེད།

    འདི་ལོའི་ཟླ་3ཚེས་12ཉིན། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྩིས་སྤྲོད་བྱས་པའི་གྱོད་གཞི་ཞིག་འབྱོར་བ་སྟེ། པད་ཆེ་གེ་མོས་ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་གསོ་སྦྱོང་སློབ་གྲྭ་ག་གེ་མོར་ལས་ཀ་བྱེད་རིང་། ལས་རིགས་གསོ་སྦྱོང་སློབ་གྲྭས་སྔོག་འདྲུའི་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་བོགས་མར་ལེན་རྒྱུར་ཁ་གཡར་ནས་ཁ་བསླུས་བརྒྱབ་པ་རེད།

    གྱོད་དོན་སྙན་ཞུ་འབྱོར་རྗེས། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་བརྟག་ཞིབ་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། མི་དམངས་ཉེན་རྟོག་པས་བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་གསལ། པད་ཆེ་གེ་མོ་ལྷོ་ཁ་གྲོང་ཁྱེར་ལས་རིགས་གསོ་སྦྱོང་སློབ་གྲྭ་ག་གེ་མོར་ལས་ཀ་བྱེད་རིང་། ཁོ་བོས་ལས་རིགས་གསོ་སྦྱོང་སློབ་གྲྭས་སྔོག་འདྲུའི་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་བོགས་མར་ལེན་རྒྱུར་ཁ་གཡར་ནས་གནོད་འཚེ་ཕོག་མཁན་བློ་ཆེ་གེ་མོ་སོགས་མི་8ལ་ཁ་བསླུས་བརྒྱབ་པ་མ་ཟད། 2018ལོའི་ཟླ་11པ་ནས་འདི་ལོའི་ཟླ་3པ་བར། པད་ཆེ་གེ་མོས་བློ་ཆེ་གེ་མོ་སོགས་གནོད་འཚེ་ཕོག་མཁན་8ལ“ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་གསོ་སྦྱོང་སློབ་གྲྭ་ག་གེ་མོས་སྔོག་འདྲུའི་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་བོགས་མར་ལེན་རྒྱུའི”གྲོས་འཆམ་བྱུང་ནས། ཕྱོགས་གཉིས་པོས་བོགས་མ་གཏོང་ལེན་གྱི་གན་རྒྱར་མིང་རྟགས་བཀོད་པ་རེད། 

    གནོད་འཚེ་ཕོག་མཁན་8པོས་པད་ཆེ་གེ་མོའི་རེ་བ་ལྟར་ཁོ་པར་གཏའ་མ་ཁྱོན་སྒོར་ཁྲི་75སྤྲད། འོན་ཀྱང་བློ་ཆེ་གེ་མོ་སོགས་གནོད་འཚེ་ཕོག་མཁན་8ཀྱིས་ལས་རིགས་གསོ་སྦྱོང་སློབ་གྲྭ་ག་གེ་མོ་དེར་དཔང་རྟགས་འཚོལ་ཞིབ་བྱས་རྗེས། ཁོ་ཚོ་ཁ་བསླུས་ཐེབས་པ་ཤེས་རྟོགས་ཐུབ་འཕྲལ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་གྱོད་དོན་སྙན་སེང་ཞུས། འདི་ལོའི་ཟླ་3ཚེས་12ཉིན། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེས་གསོག་དོགས་ཅན་པད་ཆེ་གེ་མོ་བཟུང་ནས་ཁྲིམས་ལ་སྦྱར། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་པད་ཆེ་གེ་མོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་པ་རེད།

    liy95231.jpg

    འདི་ནི་ཉེན་རྟོག་པས་གནོད་འཚེ་ཕོག་མཁན་ལ་གྱོང་གུན་ཕོག་པའི་དངུལ་སྤྲོད་བཞིན་པ། 

    དྲན་སྐུལ། 

    ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་མང་ཚོགས་ཚོར་དྲན་སྐུལ་བྱས་དོན། ལག་བསྟར་གན་རྒྱ་འཇོག་སྐབས“མངོན་མེད་སྒྲིག་སྲོལ”ལ་ཡིད་ཆེས་མ་བྱས་པར་ཚད་ལྡན་གྱི་བརྒྱུད་རིམ་གཞིར་བཟུང་རྒྱུས་མངའ་མེད་པའི་ཀུང་སི་དང་མི་སྒེར་དང་གན་རྒྱ་གང་བྱུང་དུ་འཇོག་མི་རུང་། གན་རྒྱའི་བྱེད་པོ་ཁྲིམས་དང་མཐུན་མིན་དང་གན་རྒྱ་འཇོག་མཁན་ཚད་དང་མཐུན་མིན་ལ་ཞིབ་དཔྱད་བྱེད་དགོས། གན་རྒྱ་འཇོག་རིང་། རྒྱ་ཆེའི་མང་ཚོགས་ཚོས་ངེས་པར་དུ་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་ཁ་བསླུས་མ་ཐེབས་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།