[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཆུ་གསུམ་རྫོང་ཞིབ་དཔྱོད་ཁང་གིས་“ཞིབ་དཔྱོད་ལས་ཁུངས་ཀྱི་སྒོ་འབྱེད་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    “‘བདག་མེད་གཞན་གཅེས’ཐོག་ནས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང——སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་པ་ཞིབ་དཔྱོད་ལས་ཁུངས་སུ་སྐྱོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ཆེད། ཉེ་ཆར། ཆུ་གསུམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ངལ་རྩོལ་དཔེ་བཟང་བའི་འཐུས་མི་བཅས་རྫོང་ཞིབ་དཔྱོད་ཁང་དུ་གདན་དྲངས་ཏེ། ཞིབ་དཔྱོད་ལས་དོན་ཐད་ཀར་ཉམས་ལེན་བྱས་པ་དང་འབྲེལ། ངོ་འཕྲད་གདོང་ཐུག་གི་སྤེལ་རེས་ཀྱང་བྱས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ལྟ་སྐོར་བྱེད་མཁན་འཐུས་མིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ཆེ་རུ་གཏོང་རྒྱུ་དང་། ཞིབ་དཔྱོད་ཀྱི་འགན་ནུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཕན་གྱི་གཏུག་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་སོགས་ཐད་ནས་ཞིབ་དཔྱོད་ལས་དོན་ལ་གྲོས་འགོ་དང་བསམ་འཆར་བཏོན་པ་རེད། ཆུ་གསུམ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བས་རྫོང་ཞིབ་དཔྱོད་ཁང་གི་ན་ནིང་ཚུན་གྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། འཐུས་མི་ཁག་གིས་བཏོན་པའི་གྲོས་འགོ་དང་བསམ་འཆར་ལ་གསེད་བཀྲོལ་དང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ཞིབ་དཔྱོད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་དོན་ཁག་ཏན་ཏིག་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ལུགས་མཚོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།