[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • དམག་དམངས་བརྩེ་སེམས་ཉ་ཆུ་ལས་ཀྱང་ཟབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-26

    ཟླ་3ཚེས་14ཉིན་གྱི་སྔ་དྲོ། བོད་དམག་ཁུལ་ཁང་གི་རླངས་འཁོར་སྐྱེལ་འདྲེན་ལུའི་ཞིག་གི་དཔོན་དམག་བརྒྱ་ལྷག་ཙམ་བཅའ་སྡོད་བྱ་ཡུལ་སྟོད་ལུང་བདེ་ཆེན་ཆུས་སུ་བསྐྱོད་དེ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”སྲིད་བཀུར་དམངས་གཅེས་ཀྱི་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལུའི་དེས་སྔ་རྗེས་སུ་བཅའ་སྡོད་བྱ་ཡུལ་དང་སྐྱེལ་འདྲེན་ལམ་ཐིག་ཐོག་གི་སློབ་གྲྭ་དང་། རྒན་གསོ་ཁང་། གྲོང་ཚོ་ཨུ་ལྷན་སོགས་ཚན་པ་23དང་ཡང་བསྐྱར“སྒོ་བྱང་བཀལ་ནས”ཆ་སྒྲིག་རོགས་སྐྱོར་བྱས་ཏེ་དུས་བཀག་ལྟར་སྲིད་བཀུར་དམངས་གཅེས་དང་དབུལ་སྐྱོར་དཀའ་སེལ་གྱི་བྱེད་སྒོ་སྤེལ་བ་དང་། སྐྱེལ་འདྲེན་ལས་འགན་ལེགས་སྒྲུབ་བྱེད་པ་སོགས་ཀྱི་གོ་སྐབས་སྤྱད་དེ་དཀའ་ཚེགས་ཆེ་ལ་ས་ཐག་རིང་བ་དང་། ལུང་ཁུག་ས་གཤིས་ཞན་པའི་གྲོང་གསེབ་ཏུ་འཚམས་འདྲི་དང་འདྲི་རྩད་བྱེད་པ་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་ངོ་ཐུག་གདོང་འཕྲད་ཀྱིས་བདེ་སྡུག་འདྲི་བ་དང་སྙིང་ཉེ་བའི་སྒོ་ནས་གནས་ཚུལ་ཤེས་རྟོགས་བྱེད་པ། མང་ཚོགས་ཚོས་བསམ་བློ་གང་གཏོང་བ་དང་། མང་ཚོགས་ལ་དགོས་མཁོ་གང་ཡོད་པ། མང་ཚོགས་ཚོས་སེམས་ཁྲལ་གང་བྱེད་པ་བཅས་ཤེས་རྟོགས་བྱས་ནས། སྲིད་བཀུར་དམངས་གཅེས་ཀྱི་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་བཏང་བ་རེད། “1+1”གི་སློབ་ཞུགས་རོགས་སྐྱོར་གྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་ལས་ཁུངས་སྒྲིག་འཛུགས་ཀྱིས་ལན་རྒན་པ་ཡན་གྱི་ལས་བྱེད་པས་སློབ་མ་དབུལ་པོ་དང་དེའི་ཁྱིམ་ཚང་དང་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།

    ད་རེས་ཀྱི་བྱེད་སྒོར་ལུའི་དེས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་37གྱི་སྐྲ་བཞར་བ་དང་། མང་ཚོགས་བརྒྱ་ལྷག་ཙམ་ལ་གཟུགས་པོ་བརྟག་དཔྱད་བྱས་པ། རླངས་འཁོར་ངོ་གྲངས་21ཉམས་བཟོ་བྱས་པ། གློག་ཀླད་12ཉམས་བཟོ་བྱས་པ། སྲང་ལམ་6ལ་གཙང་སྦྲ་བྱས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།