[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • བོད་ཀྱིས་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-11

    འདི་ལོའི་ཟླ་8ཚེས་29ཉིན་ནི་རྒྱལ་ཡོངས་ཀྱི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ་ཐེངས་15པ་དེ་ཡིན་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཞིག་ཡིན་ལ། གསར་དུ་བཙུགས་པའི་རང་བྱུང་ཐོན་ཁུངས་པུའུ་ཡིས་ཐེངས་དང་པོ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའང་རེད། རང་སྐྱོང་ལྗོངས་ཚད་འཇལ་རིས་འབྲི་ཅུས་ཀྱིས་ཚད་འཇལ་རིས་འབྲིའི་འོས་བབ་ལྡན་པའི་ཚན་པ་14སྒྲིག་འཛུགས་བྱས་ཏེ་ལྕགས་པོ་རིའི་སྤྱི་གླིང་དུ་དྲིལ་བསྒྲགས་བྱ་ཡུལ་བཙུགས་ནས་རྒྱ་ཆེའི་མང་ཚོགས་ལ་ཚད་འཇལ་རིས་འབྲིའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    འདི་ལོའི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་དེ“རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དྲིལ་བསྒྲགས་འགྲེམས་པང་བསྒྲིགས་པ་དང་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ་ངེས་གནས་ཕྱོགས་སྟོན་དང་། ཁང་པའི་ས་ཆ་ཚད་འཇལ་དང་ལས་གྲྭའི་ཚད་འཇལ། ས་ཞིང་གི་བདག་དབང་གཏན་འཁེལ་སོགས་ཚང་མས་སེམས་ཁུར་བྱེད་པའི་དྲི་བར་ལན་བརྒྱབ་པ་དང་། ཚད་འཇལ་རིས་འབྲིའི་བཅའ་ཁྲིམས་ཤེས་བྱ་དང་ཚད་འཇལ་རིས་འབྲིའི་ཚན་རིག་ལག་རྩལ་ཁྱབ་གདལ་བཏང་བ། རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་ཟབ་ཏུ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ལ་རྒྱ་བསྲུངས་བ། ཚད་འཇལ་རིས་འབྲིའི་ལས་དོན་དེ་བས་ལེགས་པའི་སྒོ་ནས་རང་བྱུང་ཐོན་ཁུངས་ལས་དོན་ནང་མཉམ་འདྲེས་དང་། དེར་ཞབས་ཞུ་དང་འདེགས་སྐྱོར་ཐུབ་རྒྱུར་སྐུལ་འདེད་བཏང་བ། ཚད་འཇལ་རིས་འབྲིའི་ས་ཁམས་ཆ་འཕྲིན་གྲུབ་འབྲས་ཀྱི་ལག་རྩལ་བེད་སྤྱོད་དེ་བས་ཡག་པོ་བཅས་བྱས་པ་རེད།

    ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱི་ཚད་འཇལ་རིས་འབྲིའི་བྱ་གཞག་གོང་འཕེལ་མྱུར་པོ་སོང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རང་སྐྱོང་ལྗོངས་ཀྱི་ཚད་འཇལ་རིས་འབྲིའི་ཚད་གཞིའི་སྒྲོམ་གཞི་འཛུགས་སྐྲུན་དང་། རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་ཐོན་ཁུངས་འཛུགས་སྐྱོང་། ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན། ས་ཁམས་ཀྱི་རྒྱལ་བབ་ཡོངས་བཤེར་ཐེངས་དང་པོ་སོགས་ཀྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་བ་དང་སྦྲགས། ཚད་འཇལ་རིས་འབྲིའི་ས་ཁམས་ཆ་འཕྲིན་གྱི་ཐོན་ཁུངས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཚད་འཇལ་རིས་འབྲིའི་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྲུང་འཛུགས་སྐྲུན་ལ་ནུས་པ་གལ་ཆེན་ཐོན་ཡོད་ལ། རྒྱལ་དམངས་དཔལ་འབྱོར་གྱི་སྡེ་ཚན་ཁག་དང་ལས་རིགས་ཁག་གིས་ཚད་འཇལ་རིས་འབྲིའི་ལས་དོན་གྱི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་ནས་ཚད་འཇལ་རིས་འབྲིའི་ལས་དོན་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད།

    རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཐིང་ཀྲང་གཞོན་པ་རང་སྐྱོང་ལྗོངས་ཚད་འཇལ་རིས་འབྲི་ཅུས་ཀྱི་ཅུས་ཀྲང་ཁྲེན་ཤིན་ཧུའུ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་འཇལ་རིས་འབྲིའི་བཅའ་ཁྲིམས》ནང་ཚད་འཇལ་རིས་འབྲིའི་གྲུབ་འབྲས་མཉམ་སྤྱོད་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཁ་གསབ་བྱས་ཡོད་ལ། འཕྲལ་སྡོམ་ཚད་འཇལ་རིས་འབྲི་དང་། ས་ཁམས་ཀྱི་རྒྱལ་བབ་ལྟ་དཔྱད་ཚད་འཇལ། ཚད་ལྡན་གྱི་སྲུང་སྐར་ངེས་གནས་ཕྱོགས་སྟོན་ཚད་གཞིའི་ས་ཚིགས་འཛུགས་སྐྲུན་དང་བེད་སྤྱོད་སོགས་ཀྱི་ཞིབ་ཕྲའི་བླང་བྱའང་ཁ་གསབ་བྱས་ཡོད་པས། རང་སྐྱོང་ལྗོངས་ཚད་འཇལ་རིས་འབྲི་ཅུས་ཀྱིས་བཅའ་ཁྲིམས་དེ་གཞིར་བཟུང་ཚད་འཇལ་རིས་འབྲིའི་ལས་དོན་ཧུར་ཐག་སྤེལ་ཡོད། གོམ་སྟབས་རྗེས་མར་ལྗོངས་སློབ་གསོ་ཐིང་དང་མཐུན་སྦྱོར་གྱིས་སློབ་གྲྭར་ཚད་འཇལ་རིས་འབྲི་དྲིལ་བསྒྲགས་བྱས་ཏེ་ལོ་ཆུང་གཞོན་ནུ་ཚོས་ཚད་འཇལ་རིས་འབྲིའི་ལས་དོན་གྱི་དོན་སྙིང་གལ་ཆེན་ཤེས་སུ་འཇུག་རྩིས་ཡོད་ཅེས་བཤད།

    zhuy881181.jpg

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་རྒྱ་ལམ་འགྲུལ་པར་དྲིལ་བསྒྲགས་དཔྱད་ཡིག་སྟོན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།