[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གྲོང་གསེབ་ཏུ་བཅའ་ཁྲིམས་ཀྱི་ཞབས་འདེཌ་ཞུས། དམངས་ཕན་གྱི་བྱ་སྤྱོད་ལས་མི་སེམས་དྲོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-11

    ཟླ་8ཚེས་29ཉིན་གྱི་སྔ་དྲོ་མེ་ཏོག་རྫོང་ཁྲིམས་འཛིན་ཅུས་ཀྱིས་མེ་ཏོག་རྫོང་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོར“གྲོང་གསེབ་ཏུ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ས་ཆ་དེ་གའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་བློ་འདྲི་མཁོ་འདོན་བྱས་པ་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ། བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ་རེད།

    བྱེད་སྒོ་སྤེལ་བའི་ཁྲོད་མེ་ཏོག་རྫོང་ཁྲིམས་འཛིན་ཅུས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ལས་དོན་མི་སྣས་བློ་འདྲིའི་ལས་སྟེགས་བཟོས་པ་དང་། དང་བླངས་ཁྲིམས་རྩོད་པས་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་གནད་དོན་ལ་ལན་བཏབ་པ་དང་ཆ་རྐྱེན་དང་འཚམ་པའི་མང་ཚོགས་ལ་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་རེ་ཞུ་བདག་སྤྲོད་བྱས་པ་རེད། མང་ཚོགས་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་རེ་ཞུ་བྱེད་པའི་ཆ་རྐྱེན་དང་། ཁྱབ་ཁོངས། ལས་རིམ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད་། ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་བྱེད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ས་ཆའི་རྩོད་གཞི་དང་། གཉེན་སྒྲིག་གི་རྩོད་གཞི། མི་ལུས་ཀྱི་གནོད་འཚེ། ཞིང་པ་ལས་མིའི་གླ་ཆ་ལེན་པ། བཙན་ཚོང་བཙན་ཉོ་བྱེད་པ་སོགས་ཀྱི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་བཅའ་ཁྲིམས་ཀྱི་གནད་དོན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཞུགས་པའི་མང་ཚོགས་100ཙམ་ཡོད་པ་དང་ས་གནས་ས་ཐོག་ཏུ་མི་ཐེངས་20ལྷག་ཙམ་གྱིས་བློ་འདྲིར་ལན་བཏབ་པ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་རེ་ཞུ་2དང་ལེན་བྱས་ཡོད་པ་རེད། བྱེད་སྒོ་སྤེལ་བ་དེས་བཅའ་ཁྲིམས་རོགས་སྐྱོར་གྱི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ནས་བཅའ་ཁྲིམས་རོགས་སྐྱོར་མང་ཚོགས་དང་དེ་བས་འབྲེལ་འདྲིས་ཐུབ་པ་མ་ཟད་བཅའ་ཁྲིམས་རོགས་སྐྱོར་དང་ཉམས་ཞན་ཚོགས་སྤྱིའི་དབར་བར་ཐག་ཐུང་དུ་སོང་ནས་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།