[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • འགྲིམ་འགྲུལ་ཤེས་བྱ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    1 དྲ་གྲོགས། → ཁ་ལོ་བའི་ལག་ཁྱེར་B2དངོས་སྦྱོང་དུས་ཚད་ཐིམ་རྗེས་རྒྱུགས་གཏོང་དགོས་སམ།

    ཉེན་རྟོག་པ། → ཁ་ལོ་བའི་ལག་ཁྱེར་A1དང་། A2 A3 B1 B2བཅས་ཀྱི་དངོས་སྦྱོང་དུས་ཚོད་ཐིམ་རྗེས་ཀྱི་ཉིན་སུམ་ཅུའི་ནང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། འགྲིམ་འགྲུལ་བདེ་འཇགས་དང་ཡ་རབས་ངང་རླངས་འཁོར་གཏོང་བ། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ཤེས་བྱའི་ཡིག་རྒྱུགས་གཏོང་བ་དང་འབྲེལ། དུས་ཡུན་ཆུ་ཚོད་ཕྱེད་ཀ་ལས་མི་ཉུང་བའི་འགྲིམ་འགྲུལ་ལས་འཛོལ་གྱོད་དཔེའི་ཉེན་བརྡའི་སློབ་གསོ་དང་ལེན་བྱེད་དགོས།

    2 དྲ་གྲོགས། → ལྷ་ས་གྲོང་ཁྱེར་གྱི་ལམ་དུམ་བུ་གང་གི་གཞོཌ་གཡས་ལ་ཁ་ལོ་སྒྱུར་སྐབས་འགྲིམ་འགྲུལ་གློག་སྒྲོན་ལ་བལྟ་དགོས་སམ།

    ཉེན་རྟོག་པ། → མིག་སྔར་ལམ་གཙོ་བོ་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ངེད་གྲོང་ཁྱེར་གྱིས་གཞོགས་གཡས་ལ་ཁ་ལོ་སྒྱུར་སྐབས་འགྲིམ་འགྲུལ་གློག་སྒྲོན་ལ་བལྟ་དགོས་པའི་ལམ་དུམ་བུ་ཁག་གཅིག་བཀོད་སྒྲིག་བྱས་པ་སྟེ། གླིང་སྐོར་ལམ་དང་ཞོལ་གྲོང་གསར་གྱི་Tདབྱིབས་ལམ་མདོ་དང་། པེ་ཅིང་ལམ་དང་མཁར་རྔ་ལམ་གྱི་Tདབྱིབས་ལམ་མདོ། པེ་ཅིང་ལམ་དང་གླིང་སྐོར་ལམ་གྱི་ལམ་བཞི་མདོ་ཁ་བཅས་རེད།

    3དྲ་གྲོགས། → ལྗོངས་ནང་ཁུལ་དུ་རླངས་འཁོར་གཏོང་སྐབས་རླངས་འཁོར་ནང་གློག་རྡུལ་གའུ་སྒྲིག་སྦྱོར་བྱེད་ཆོག་གམ།

    ཉེན་རྟོག་པ། → 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ནང་། འགྲིམ་འགྲུལ་ལག་རྩལ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་རྒྱུན་གཏན་ངང་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་སྒྲིག་ཆས་སྒྲིག་སྦྱོར་དང་བེད་སྤྱོད་བྱེད་མི་ཆོག་པ་དང་། གོང་གསལ་གྱི་གཏན་འབེབས་དང་འགལ་མེད་པའི་གློག་རྡུལ་གའུ་སྒྲིག་སྦྱོར་བྱེད་ཆོག འོན་ཀྱང་མིག་སྔར་བོད་རང་སྐྱོང་ལྗོངས་སུ་གཞི་རྩའི་ཆར“ལམ་དུམ་བུའི་མྱུར་ཚད་ཚད་ལེན”ཡོངས་ཁྱབ་ཐུབ་པས་གློག་རྡུལ་གའུ་སྒྲིག་སྦྱོར་བྱས་ཀྱང་གཞི་རྩའི་ཆར་ཕན་ཐོགས་མེད་ལ་སྒྲིག་ཁྲིམས་ལས་འགལ་མིན་ཙམ་མ་ཡིན་པར་ཁ་ལོ་བ་ལ་ལས་གློག་རྡུལ་གའུ་ཡོད་ན་གློག་རྡུལ་ཉེན་རྟོག་པ་ལས་གཡོལ་ཐུབ་སྙམ་ནས་མྱུར་ཚད་ལས་བརྒལ་ཏེ་རླངས་འཁོར་གཏོང་གི་ཡོད་སྟབས་ཉེན་ཁ་ཤིན་ཏུ་ཆེ།

    4དྲ་གྲོགས། → འཕྲུལ་སྒུལ་མིན་པའི་འཁོར་ལམ་ཐོག་ཁ་ལོ་བས་རླངས་འཁོར་གཞོགས་གཡས་ལ་ཁ་སྒྱུར་ཆོག་གམ།

    ཉེན་རྟོག་པ། → མི་ཆོག  བཅའ་ཁྲིམས་ནང་འཕྲུལ་སྒུལ་འཁོར་རིགས་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། འགྲོ་མི་བཅས་སོ་སོར་རང་རང་གི་ལམ་ཡོད་པས་གཞན་གྱི་ལམ་བཟུང་ནས་བཏང་ན་ཁྲིམས་འགལ་བྱེད་སྤྱོད་ཁོངས་སུ་གཏོགས་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།