[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • བོད་ལྗོངས་ཀྱིས་འཇིགས་རྒོལ་འཇིགས་འགོག་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    zhuy7c63_s.gif

    འདི་ནི་ཚེས་27ཉིན། འཇིགས་རྒོལ་འཇིགས་འགོག་གི་དྲིལ་བསྒྲགས་བྱེད་སྒོར་ལས་དོན་མི་སྣས་མང་ཚོགས་ལ་འཇིགས་རྒོལ་དྲིལ་བསྒྲགས་ཀྱི་དཔྱད་གཞི་སྤྲོད་པ།

    2017ལོའི་ཟླ་12ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་འཇིགས་རྒོལ་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་འཇིགས་རྒོལ་གཞུང་དོན་ཁང་དང་མཉམ་འབྲེལ་བྱས་ནས་མི་ཚོགས་མང་བའི་གཡུ་ཐོག་ལམ་དུ་འཇིགས་རྒོལ་འཇིགས་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འཇིགས་རྒོལ་གཞུང་དོན་ཁང་གི་ཀྲུའུ་རེན་ཚེ་བརྟན་དབང་གྲགས་ཀྱིས། ཐེངས་འདིའི་འཇིགས་རྒོལ་དྲིལ་བསྒྲགས་བྱེད་སྒོ་རྒྱལ་ཡོངས་དང་མཉམ་དུ་སྤེལ་བ་ཡིན། རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱིས་ཀྱང་མཉམ་དུ་སྤེལ་བཞིན་ཡོད། གོམ་སྟབས་རྗེས་མར་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་ནས།《འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དྲིལ་བསྒྲགས་གཏིང་ཟབ་དང་ཁྱབ་གདལ་ཧུར་ཐག་གིས་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འཇིགས་རྒོལ་འཇིགས་འགོག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ། སྤྱི་ཚོགས་ཡོངས་སུ་བོད་ཀྱི་དུས་བདེ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས། “མི་ཚང་མར་འཇིགས་རྒོལ་འཇིགས་འགོག་གི་འགན་འཁྲི་ཡོད་པ”དང་སྤྱི་ཚོགས་ཡོངས་འཇིགས་རྒོལ་ལས་དོན་ལ་ཞུགས་པའི་རྣམ་པ་བཟང་པོ་གཏོད་རྒྱུ་ཡིན་པ་རེད།

    ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད། རང་སྐྱོང་ལྗོངས་འཇིགས་རྒོལ་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་འཇིགས་རྒོལ་གཞུང་དོན་ཁང་དང་མཉམ་འབྲེལ་གྱིས་ཁྱོན་ལས་དོན་མི་སྣ་17མངགས་ནས་དྲིལ་བསྒྲགས་ལག་དེབ་དང་། དྲིལ་བསྒྲགས་ལག་རྟགས་ཆུང་ངུ་། དྲིལ་བསྒྲགས་ཤོག་ལྷེ་བཅས་ཁྱོན་6000ལྷག་ཙམ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་མི་ཐེངས་50ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།