[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཁྲིམས་ལུགས་ཀྱི་རོགས་སྐྱོར་རེ་འདུན་ཞུ་སྐབས་ཁྱེད་ཀྱིས་ཤེས་དགོས་པ་གང་ཞིག་ཡོད་དམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-02-04

    ཁྲིམས་ལུགས་ཀྱི་རོགས་སྐྱོར་རེ་འདུན་ཞུ་བའི་ཆ་རྐྱེན།

    1.ཁྲིམས་ལུགས་ཀྱི་རོགས་སྐྱོར་རེ་འདུན་ཞུ་བའི་བྱ་བ་དེ་ལྟེ་གནས་དེ་གའི་མངའ་ཁོངས་སུ་གཏོགས་པ་ཞིག་ཡིན་པ་དང་། 2.གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པའམ་ཡང་ན་འཚོ་བ་དངོས་ཀྱི་ཆུ་ཚད་ས་གནས་དེ་གའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་དམའ་བ་ཡོད་པ། 3.སྤྱི་ཚོགས་ཕན་བདེ་སྒྲིག་གཞིའི་ཁྲོད་སྲིད་གཞུང་གིས་འཚོ་སྐྱོང་བྱ་ཡུལ་ཡིན་པ། 4.གྲོང་གསེབ་ཀྱི་འགན་ལེན་ལྔའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ། 5.དབང་པོ་སྐྱོན་ཅན་ཡིན་པ་དང་། ནད་གཞི་ཚབས་ཆེན་ཕོག་པ། རང་བྱུང་གནོད་འཚེ་བཅས་ཀྱི་རྐྱེན་པས་དཔལ་འབྱོར་ཐད་དཀའ་ངལ་འཕྲད་པ།

    ཁྲིམས་ལུགས་ཀྱི་རོགས་སྐྱོར་རེ་འདུན་ཞུ་བའི་བྱ་བའི་ཁྱབ་ཁོངས།

    1.ཁྲིམས་ལུགས་ལྟར་རྒྱལ་ཁབ་ལ་སྐྱིན་ཚབ་སྤྲོད་རྒྱུའི་རེ་འདུན་ཞུས་པ། 2.སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ངམ་ཡང་ན་མ་མཐའི་འཚོ་བ་འགན་ལེན་ཐོབ་ཐང་སྤྲོད་རྒྱུའི་རེ་འདུན་ཞུས་པ་དང་། འཆི་གོད་གྱོང་གསབ་རོཌ་དངུལ་དང་སྐྱོབ་གསོའི་དངུལ་སྤྲོད་རྒྱུའི་རེ་འདུན་ཞུས་པ། འཚོ་སྐྱོང་བྱེད་དངུལ་དང་གསོ་རྟེན་དོད་དངུལ་སྤྲོད་རྒྱུའི་རེ་འདུན་ཞུས་པ། ངལ་རྩོལ་ཐོབ་ཆ་སྤྲོད་རྒྱུའི་རེ་འདུན་ཞུས་པ། 3.མྱུལ་ཞིབ་ལས་ཁུངས་ཀྱིས་འདྲི་རྩད་ཐེངས་དང་པོ་བྱས་པའམ་ཡང་ན་བཙན་ཐབས་སྤྱད་པའི་ཉིན་ནས་བཟུང་དཔལ་འབྱོར་ཐད་དཀའ་ངལ་བྱུང་བའི་རྐྱེན་གྱིས་ཉེས་གསོག་དོགས་ཅན་གྱིས་ཁྲིམས་རྩོད་པ་གདན་ཞུ་བྱས་མེད་པ། 4.གྱོད་གཞི་ཞིབ་དཔྱད་ཁྲིམས་སྦྱོར་བྱ་རྒྱུར་བསྐྱལ་བའི་ཉིན་ནས་བཟུང་དཔལ་འབྱོར་ཐད་དཀའ་ངལ་འཕྲད་པའི་རྐྱེན་གྱིས་གཞུང་གཏུག་གྱོད་གཞིའི་ཁྲོད་ཀྱི་གནོད་འཚེ་ཕོག་མཁན་དང་དེའི་ཁྲིམས་བཀོད་ངོ་ཚབ་བམ་ཡང་ན་གཉེན་ཚན་ཉེ་གྲས་ཀྱིས་གཏུག་བཤེར་ངོ་ཚབ་མངགས་བཅོལ་བྱས་མེད་པ། 5.རང་གཏུག་གྱོད་གཞིར་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་དཔལ་འབྱོར་ཐད་དཀའ་ངལ་འཕྲད་པའི་རྐྱེན་གྱིས་རང་གཏུག་གྱོད་གཞིའི་ནང་གི་རང་གཏུག་པ་དང་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་གཏུག་བཤེར་ངོ་ཚབ་མངགས་བཅོལ་བྱས་མེད་པ། 6.ལས་རྨས་ལས་འཛོལ་དང་། འགྲིམ་འགྲུལ་འཁོར་འཛོལ། སྨན་བཅོས་ལས་འཛོལ་བཅས་བྱུང་ནས་གནོད་འཚེ་ཕོག་པའི་རྐྱེན་གྱིས་མི་ལུས་གོད་ཆག་གི་གྱོང་གུན་གསབ་རྒྱུའི་རེ་འདུན་ཞུས་པ། 7.ས་བོན་དང་། ཞིང་སྨན། རྫས་ལུད་བཅས་རྫུས་མ་བེད་སྤྱོད་བྱས་པ་ལས་གནོད་འཚེ་ཕོག་ནས་སྐྱིན་ཚབ་སྤྲོད་རྒྱུའམ་ཡང་ན་ཁ་གསབ་སྤྲོད་རྒྱུའི་རེ་འདུན་ཞུས་པ། 8.ཁྱིམ་ཚང་གི་དྲག་ཤུགས་དང་། མནར་གཅོད། ཕྱིར་འབུད་པ་སོགས་ལས་གྱོང་གུན་གསབ་རྒྱུ་དང་ཁ་གསབ་སྤྲོད་རྒྱུའི་རེ་འདུན་ཞུས་པ།

    ཁྲིམས་ལུགས་ཀྱི་རོགས་སྐྱོར་རེ་འདུན་ཞུ་སྐབས་མཁོ་འདོན་བྱེད་དགོས་པའི་དཔྱད་གཞིའི་ཡིག་རིགས།

    1.གྲོང་མིའི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་གོ་ཆོད་པའི་ཐོབ་ཐང་ངོ་སྤྲོད་ཡི་གེ་གཞན་དག 2.འདུན་ཞུ་བྱེད་མཁན་གྱི་སྡོད་གནས་སམ་ཡང་ན་རྒྱུན་དུ་སྡོད་གནས་དང་ཤང་གྲོང་མི་དམངས་སྲིད་གཞུང་ངམ་ཡང་ན་ཁྲོམ་གཞུང་དོན་གཅོད་ཁང་གིས་བྲིས་པའི་དཔལ་འབྱོར་ཐད་དཀའ་ངལ་ཡོད་ལུགས་སྐོར་གྱི་ངོ་སྤྲོད་ཡི་གེ 3.ཁྲིམས་ལུགས་ཀྱི་རོགས་སྐྱོར་རེ་འདུན་ཞུ་བའི་འབྲེལ་ཡོད་རྩ་བའི་གནས་ཚུལ་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས། སྤྱི་དམངས་ཀྱིས་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་སྤེལ་བ་ལས་ཐོན་པའི་དམངས་དོན་ཁེ་དབང་འདོད་ལུགས་ཞུས་པའི་རིགས་དང་གྲོང་ཁྱེར་དུ་ལས་ཀར་ཡོང་བའི་གྲོང་གསེབ་པས་ཞུ་གཏུག་བརྒྱབ་པ་བརྒྱུད་ངལ་རྩོལ་ཐོབ་ཆ་སྤྲོད་རྒྱུའམ་ཡང་ན་ལས་རྨས་ལས་འཛོལ་བྱུང་ནས་མི་ལུས་གོད་ཆག་གི་གྱོང་གུན་གསབ་རྒྱུའི་རེ་འདུན་ཞུས་རིགས་དཔལ་འབྱོར་ཐད་དཀའ་ངལ་ཆེ་ཆུང་ཆ་རྐྱེན་གྱི་ཚོད་འཛིན་མི་ཕོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།