[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྨྱོ་ཆུས་མྱོས་ནས་ཉེན་བརྡའི་ཁ་པར་ཐེངས་མང་བརྒྱབ། དོན་མེད་རྙོག་དྲ་བཟོས་པས་བཀག་ཉར་ཉིན་བཅུ་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    d5a6e92a-ad2d-43a6-af54-5209598cca57.jpg.jpg

    ཀྲུའུ་ཆེ་གེ་མོ(Kགཡས) རྔ་ཆེན་མངགས་གཏོང་ཁང་གིས་པར་མཁོ་འདོན་བྱས།

     “110”ནི་ཉེན་ཁའི་དུས་སུ་རོགས་སྐྱོར་བྱེད་པའི“ཚེ་སྲོག་གི་ལམ་བུ”ཞིག་དང་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཐད་འབྲེལ་ཁ་པར་ཞིག་ཡིན་མོད། འོན་ཀྱང་མི་ལ་ལས་110ལ་རྐང་བཙུགས་ནས་ཁ་པར་ཐེངས་མང་བརྒྱབ་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་གི་ཡོད།

    ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་སྐྱེས་པ་ཞིག་གིས་ཆང་རག་བཏུངས་རྗེས“110”ལ་ཁ་པར་ཐེངས་མང་བརྒྱབ་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས“110”བཀོད་འདོམས་ལྟེ་གནས་ཀྱི་ཁ་པར་ལེན་མཁན་མི་དམངས་ཉེན་རྟོག་པས་ཁ་པར་ཐེངས་མང་བླངས་ནས་ས་ཆ་གང་དུ་ཡིན་མིན་སྐད་ཆ་དྲིས་ཀྱང་། ཀྲུའུ་ཆེ་གེ་མོས་ས་ཆ་གང་དུ་ཡིན་མིན་བཤད་མེད། ཀྲུའུ་ཆེ་གེ་མོ་ར་བཟི་ནས“110”ལ་ཉེན་བརྡའི་ཁ་པར་ཐེངས་72བརྒྱབ་པ་དང་ཐེངས་48སྦྲེལ་མཐུད་ཐུབ་ཡོད། མཐར་ཉིན་དེའི་ཆུ་ཚོད་7དང་སྐར་མ་49ལ་ཁ་པར་སྦྲེལ་མཐུད་ཐུབ་རྗེས་ཉེན་རྟོག་པས་ས་ཆ་གང་དུ་ཡིན་མིན་གསལ་པོ་ཤེས་པ་རེད། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁ་པར་རྒྱག་ས་ནས་ཀྲུའུ་ཆེ་གེ་མོ་ཁྲིད་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་དུ་རྩིས་སྤྲད་ནས་འདྲི་རྩད་བྱས་པ་རེད།

    མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད་ཀྲུའུ་ཆེ་གེ་མོ་2022ལོར་ལྷ་སའི་ས་ཆ་ཞིག་ཏུ་ཆུ་ཡུར་ཉམས་བཟོའི་ལས་ཀ་བྱས་མོད། འོན་ཀྱང་གླ་ཆ་སྒོར་5000ལྷག་ཙམ་རག་མེད་པ་དང་། ཞིབ་ཕྲའི་གནས་ཚུལ་གསལ་པོ་ཤོད་རྒྱུ་མེད། མི་དམངས་ཉེན་རྟོག་པས་ཚོགས་ཆུང་གི་ཙུའུ་ཀྲང་ལ་སྐད་ཆ་དྲིས་རྗེས། ཀྲུའུ་ཆེ་གེ་མོའི་གླ་ཆ་དེ་ཁོ་པ་ཀུང་སིར་ཕྱིན་ནས་ལས་ཀའི་ཉིན་གྲངས་ལ་གཞིཌ་ནས་རྩིས་རྒྱག་དགོས་པ་དང་། གནས་ཚུལ་དེ་ཀྲུའུ་ཆེ་གེ་མོར་དེ་གོང་ནས་གསལ་བཤད་ཟིན་པ་ཤེས་རྟོཌ་བྱུང་། གཞན་ཡང་2021ལོའི་ཟླ་6པར་ཀྲུའུ་ཆེ་གེ་མོས་ལས་ཡུལ་གཞན་དུ་ལས་ཀ་བྱས་པའི་གླ་ཆ་སྒོར་3000ལྷག་ཙམ་རག་མེད། ཞིབ་ཕྲའི་གནས་ཚུལ་ནི་ཀྲུའུ་ཆེ་གེ་མོ་ལས་ཀ་བྱེད་རིང་འབྱོར་ཐོ་བཀོད་མེད་པས་གླ་ཆ་རྩིས་རྒྱག་ཐུབ་མེད་པ་རེད།

    མིག་སྔར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་གཞིར་བཟུང་། རྔ་ཆེན་མངགས་གཏོང་ཁང་གིས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ལ་སྙན་སེང་ཞུས་ནས་ཞིབ་བཤེར་ཆོག་མཆན་ཐོབ་རྗེས། ཀྲུའུ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་བཅུ་བྱས་པ་མ་ཟད། ཀྲུའུ་ཆེ་གེ་མོས་ཐབས་ལམ་ཡང་དག་གི་སྒོ་ནས་རང་ཉིད་ཀྱི་གླ་ཆ་ལེན་དགོས་པའི་ཁ་ཏ་བསླབ་བྱ་ཡང་བྱས་པ་རེད།

    ཉེན་རྟོག་པའི་དྲན་སྐུལ། “110”ནི་སྤྱི་པའི་བདེ་འཇགས་སྲུང་བྱེད་ཀྱི་ཁ་པར་ཞིག་ཡིན་པ་དང་། གལ་ཏེ་རྒྱུན་དུ་སྙན་སེང་རྫུན་མ་ཞུ་བའམ་ཡང་ན་རྐང་བཙུགས་ནས་སྙད་རྐོ་བ་སོགས་བྱས་ན་ཉེན་རྟོག་པའི་རྒྱུན་གཏན་ལས་དོན་ལ་ཤུགས་རྐྱེན་བཟོ་བ་དང་སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་འདོན་རྒྱུར་ཡང་ཤུགས་རྐྱེན་བཟོ་སྲིད། ཁྲིམས་འགལ་ངང“110”ལ་ཁ་པར་བརྒྱབ་ནས་སྤྱི་བདེ་ལས་ཁུངས་ཀྱི་རྒྱུན་གཏན་ལས་དོན་གྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་ཀྱི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ལྕི་བ་དང་ཉེས་པ་བསགས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།