[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བྲག་གཡབ་རྫོང་གིས།

    བདེ་འཇགས་བཅོས་སྐྱོང་གི་གཙང་བཤེར་ཆེ་མོའི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཉེ་ཆར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་བཀའ་རྒྱ་འབྱོར་མ་ཐག་འཛོམས་ཏེ་རྫོང་གྲོང་གི་རོལ་རྩེད་ཁང་དང་། གཟུགས་པོ་འཁྲུད་ས། ཡུལ་སྐོར་ལས་དོན་ཁང་། མགྲོན་ཁང་། བོཌ་གཏོང་ཁང་པ། ཚོང་ཁང་སོགས་སུ་བདེ་འཇགས་བཅོས་སྐྱོང་གི་གཙང་བཤེར་ཆེ་མོའི་བྱ་སྤྱོད་སྤེལ་བ་རེད།

    བྱ་སྤྱོད་སྤེལ་རིང་། རྫོང་དེའི་བདེ་འཇགས་བཅོས་སྐྱོང་གི་དོ་དམ་གྱི་དོན་དངོས་དང་བསྟུན་ནས་མི་དམངས་ཉེན་རྟོག་པས་གཙོ་གནད་གནས་ཡུལ་དང་། ཁུལ་ཁོངས། མི་ཚོགས་བཅས་ལ་ལེབ་བཤེར་རྣམ་པའི་གཙང་བཤེར་བྱས་ཏེ་མེ་ཟོན་བདེ་འཇགས་དང་། མི་སྣའི་ཆ་འཕྲིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གཙོ་གནད་ལས་དོན་གྱི་ནང་དོན་རེ་རེ་བཞིན་ཞིབ་བཤེར་དང་ཐོ་འགོད་བྱས་པ་དང་། རྫོང་གྲོང་གི་ཡུལ་སྐོར་ལས་དོན་ཁང་། མགྲོན་ཁང་། བོགས་གཏོང་ཁང་པ། KTV ཨར་ཁང་སོགས“འཆལ་རྒྱན་དུག་གསུམ”ཐོན་སླ་སར་གཙོ་གནད་གཙང་བཤེར་བྱས་ནས་དུས་འགོར་དག་ཐེར་བྱས་པའི་གནས་ཚུལ་བསྐྱར་བཤེར་བྱས་པ་རེད།

    གཙང་བཤེར་བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་གནས་ཡུལ་ཁག་གིས་བདེ་འཇགས་བཅོས་སྐྱོང་དོ་དམ་གྱི་བླང་བྱར་ནན་པོ་གཞིགས་ཏེ། འགྲོ་ལུགས་འཐུས་ཚང་དགོས་པ་དང་ཁྲིམས་དང་སྒྲིག་སྲོལ་བཞིན་ཚོང་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། ད་རེས་ཀྱི་བྱ་སྤྱོད་ནང་གནད་དོན་44ཤེས་རྟོགས་ཐུབ་པ་དང་། གནས་ཡུལ་ཁག་ལ་རང་སོ་སོའི་གནད་དོན་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད། བྱ་སྤྱོད་སྤེལ་བ་བརྒྱུད། སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཏེ། ཁྲིམས་འགལ་བར་ཟིལ་གནོན་ཆེན་པོ་སྤྲད་པ་དང་མིག་སྔའི་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་བཏང་ནས། དུས་བདེ་ཞི་མཐུན་གྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཅིག་བཏོད་པ་དང་། སྤྱི་ཚོགས་ཀྱི་རྣམ་པ་ལེགས་སུ་ནུས་ལྡན་བཏང་བས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།