[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེའི་བུད་མེད་གཅིག་གིས།

    ཚོང་ཁང་གཅིག་ནས་རྐུན་མ་ཐེངས་8བརྐུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རྐུན་མ་བསྟུད་མར་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད།

    ཟླ་6ཚེས་10ཉིན་གྱི་ཆུ་ཚོད་16ཙམ་ལ་ཕུར་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཁྲེང་ཀོན་མངཌ་གཏོང་ཁང་དུ་ཡོང་སྟེ། “ངའི་ཚོང་ཁང་ནས་ཤིང་ཕོར་བརླག་འདུག ལམ་སེང་བརྟག་དཔྱད་གནང་རོགས”ཞེས་ཉེན་དོན་སྙན་སེང་ཞུས། ཉེན་རྟོག་པས་ཚོང་ཁང་གི་གློག་མིག་ནས་བླངས་པའི་བརྙན་ཕབ་ལ་བལྟས་རྗེས་དེ་ཉིན་བུད་མེད་ཅིག་གིས་ཤིང་ཕོར་ལག་ཤོར་བཏང་རྗེས་འཕྲལ་དུ་དེ་ནས་ཁ་བྲལ་བ་མ་ཟད། ཁ་རས་དང་ཞྭ་མོ་སོགས་ལ་བརྟེན་ནས་ངོ་གདོང་བཀབ་སྟེ་གློག་མིག་ལ་གཡོལ་ཐབས་བྱས་པ་ཤེས། མི་དམངས་ཉེན་རྟོག་པས་ཚོང་ཁང་གི་གློག་མིག་བརྙན་ཕབ་ལ་ཡང་ཡང་བལྟས་རྗེས། ཟླ་5ཚེས་27ཉིན་ནས་ཟླ་6ཚེས་9ཉིན་རིང་བུད་མེད་དེས་གྱོན་ཆས་དང་བྱ་ཐབས་གཅིག་པ་སྤྱད་དེ་ཚོང་ཁང་དེ་ནས་རྐུན་མ་ཐེངས་མང་བརྐུས་པ་ཤེས།

    བུད་མེད་དེའི་གཟུགས་པོའི་ཁྱད་ཆོས་ལ་གཞིགས་ནས་མི་དམངས་ཉེན་རྟོག་པས་མཐར་རྐུན་མ་དེ་དེ་གོང་རྐུན་མ་བརྐུས་མྱོང་བའི་པ་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས། དེའི་འགྲོ་སྐྱོད་གནས་ཚུལ་ཤེས་རྗེས་མི་དམངས་ཉེན་རྟོག་པས་ཉེ་འཁོར་ཁོར་ཡུག་དང་ཟུང་འབྲེལ་གྱིས་འཛིན་བཟུང་འཆར་གཞི་བཟོས་ཏེ། ཟླ་6ཚེས་11ཉིན་རྒྱལ་རྩེ་རྫོང་ཧྲང་ཧའེ་དཀྱིལ་ལམ་ནས་ཉེས་གསོག་དོགས་ཅན་པ་ཆེ་གེ་མོ་བཟུང་། འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་པ་ཆེ་གེ་མོས་ཟླ་5ཚེས་27ནས་ཟླ་6ཚེས་10ཉིན་བར་ཕུར་ཆེ་གེ་མོའི་ཚོང་ཁང་ནས་ཅ་ལག་ཉོ་ཁུལ་བྱས་ཏེ། ཕུར་ཆེ་གེ་མོས་མ་མཐོང་བའི་སྐབས་དང་བསྟུན་ནས་རྐུན་མ་ཐེངས་བརྒྱད་བརྐུས་པའི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། པ་ཆེ་གེ་མོས་ཤིང་ཕོར་14དང་། ཆུ་ཚོད་13 ཟངས་ཀྱི་བསང་ཕོར་3 དངུལ་ཤན་བརྒྱབ་པའི་ཕོར་པ་1 མགུལ་རྒྱན་1 ཚིཌ་ཁེབས་1བཅས་བརྐུས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་པ་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྒྲུབ་གཉེར་ཞིབ་ཚགས་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།