[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རྒྱལ་ཡོངས་ཀྱི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་འོས་མི་བློ་བཟང་གིས།

    ལོ་14ཡི་རིང་གྱོད་གཞི་སྣ་ཚོགས་1900ལྷག་ཙམ་རྩད་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    liy9a1061_s.jpg

    འདི་ནི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་འོས་མི་བློ་བཟང་ཡིན་པ།

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་དུས། སྤྱི་བདེ་པུས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི“གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ཀྱི་འོས་མིའི་མིང་ཐོའི་ནང་། བོད་ཀྱི་མི་དམངས་ཉེན་རྟོག་པ་ཞེ་ཅུན་དང་བློ་བཟང་ཚུད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས་ས་གནས་ཁག་གི་འོས་སྦྱོར་དང་། དྲ་རྒྱའི་མོས་བསྟོད། ས་གནས་ས་ཐོག་གི་འགྲེམས་སྟོན་སོགས་ལ་གཞིགས་ཏེ། “གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་ཡག་ཤོས”20བདམས་པ་རེད།

    A སྙིང་རུས་ཆེར་བསྐྱེད་ཀྱིས་གྱོད་གཞི་ཆེན་པོ་རྩད་བཅད་པ།

    ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་བློ་བཟང་ནི། གཞི་རིམ་དུ་ལོ་14གནས་པའི་ཉེས་དོན་མྱུལ་ཞིབ་མི་དམངས་ཉེན་རྟོག་པ་རྒན་གྲས་ཤིག་རེད། ཁོང་གིས་སྔ་རྗེས་སུ་གྱོད་གཞི་སྣ་ཚོགས་1900ལྷག་ཙམ་རྩད་བཅད་པ་དང་། ཉེས་གསོག་དོགས་ཅན་3000ལྷག་ཙམ་བཟུང་མྱོང་བའི་ཁྲོད། ལྷོ་ཁ་དང་ཐ་ན་བོད་ཀྱི་གློག་འཕྲིན་ཁ་བསླུས་གྱོད་གཞི་ཆེ་ཤོས་ཀྱང་ཚུད་ཡོད།

    ལོ་30ལ་སླེབས་ཙམ་ཡིན་པའི་བློ་བཟང་ནི་ཉེས་དོན་ཉེན་རྟོག་པའི་ལས་ཀ་བྱས་ནས་ལོ་14སོང་ཡོད། མཐོ་འབྲིང་སྐབས་ནས་ཀྲུང་གོ་སྤྱི་བདེ་སློབ་ཆེན་དུ་འགྲོ་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་པ་དང་སློབ་མཐར་ཕྱིན་རྗེས་ཉེས་དོན་ཉེན་རྟོག་པ་ཞིག་ཏུ་གྱུར།

    2015ལོར་ལྷོ་ཁ་གྲོང་ཁྱེར་དུ་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་རབ་དང་རིམ་པ་ཐོན་པ་དང་། མི་འགའ་རེས་དཔུང་སྡེའི་འགོ་ཁྲིད་ཡིན་ཁུལ་གྱིས་དམག་སྤྱོད་གུར་མངགས་རྒྱུ་ཡིན་ལུགས་བརྗོད་དེ་ལྷོ་ཁ་གྲོང་ཁྱེར་གྱི་ལས་གྲྭའི་སྦྱིན་བདག་14ལ་ཁ་བསླུས་བརྒྱབ་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་290ལྷག་ཙམ་ཟིན་ཡོད།

    ཟླ་3རིང་འབད་འཐབ་བྱས་པ་བརྒྱུད། མཐར་ཉེས་གསོག་དོགས་ཅན་ཧོ་ནན་དུ་ཡོད་པ་དང་གྱོད་གཞི་བརྩམས་པའི་བརྒྱུད་རིམ་ཤེས་རྟོགས་བྱུང་། འོན་ཀྱང་། ཉེས་གསོག་དོགས་ཅན་འཛིན་བཟུང་བྱེད་ཉེའི་མཚམས་སུ་བློ་བཟང་ལ་གཅིན་ལམ་རྡོ་སྐྲན་གྱི་ནད་ཕོག་ནས་སྨན་ཁང་དུ་ལུས་པ་རེད། དེའི་རྗེས་སུ་བློ་བཟང་ཁྲེང་ཏུའུ་རུ་གཤག་བཅོས་བྱེད་པར་མ་འགྲོ་ཀ་མེད་བྱུང་བ་དང་། སྨན་ཁང་དུ་ཉིན་13བསྡད་རྗེས་བློ་བཟང་གིས་འཕྲལ་མར་ལས་གནས་ཐོག་ལོག་པ་དང་། ཀོང་ཏུང་ཞིང་ཆེན་དུ་ཉེས་གསོག་ཚོགས་པའི་ཚོགས་མི་གཙོ་བོ་རྣམས་ཀྱི་ཆ་འཕྲིན་ཞིབ་བསྡུར་བྱས་རྗེས། ཧོ་ནན་དུ་བསྐྱོད་ནས་ཆེད་དམིགས་གྱོད་སྒྲུབ་ལས་རོགས་དང་མཉམ་དུ་ཁ་བསླུས་རྒྱག་མཁན་ཉེས་གསོག་དོགས་ཅན་5བཟུང་བ་དང་ཁ་བསླུས་བརྒྱབ་པའི་དངུལ་གྲངས་ཚང་མ་ཚུར་བླངས་པ་རེད།

    B དཀའ་བ་སྤྱད་ནས་གྲོལ་སྡེ་དགོན་པའི་རྟེན་གཙོ་བཙལ་བ།

    2017ལོའི་ཟླ་2ཚེས་1ཉིན། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲོང་དང་བར་ཐག་སྤྱི་ལེ་300ཡོད་པའི་གྲོལ་སྡེ་དགོན་པའི་རྟེན་གཙོ་བཀའ་གདམས་པའི་མཆོད་རྟེན་གར་སོང་ཆ་མེད་དུ་གྱུར། མྱུལ་ཞིབ་པས་གཟའ་འཁོར་གཅིག་ཙམ་རིང་བརྟག་དཔྱད་བྱས་ཀྱང་རིན་ཐང་ཡོད་པའི་ཁུངས་སྣེ་གང་ཡང་རྙེད་མེད།

    རྐུ་རྒྱག་གི་གྱོད་གཞི་ནི་རྩད་ཆོད་ཁག་ཤོས་རེད། འོན་ཀྱང་བློ་བཟང་ནི་དཀའ་ངལ་་གྱི་མདུན་དུ་དཔའ་ཞུམ་ནས་སྡོད་མཁན་ཞིག་རྩ་བ་ནས་མིན་པས། ཁོང་གིས་ཆེད་དམིགས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་གྲལ་བཤེར་ཞིབ་ཚགས་བྱས་པ་རེད།

    མཆོད་རྟེན་མ་བརླག་གོང་། མི་ངོ་མ་ཤེས་པ་ཞིག་དགོན་པའི་ཉེ་འཁོར་ནས་མཐོང་བ་དགེ་འདུན་པ་ཞིག་གིས་དྲན་གསོས། བློ་བཟང་གིས་གོ་སྐབས་དེ་དམ་འཛིན་བྱས་ཏེ་མུ་མཐུད་རྩད་གཅོད་བྱས་པ་དང་། གཞིས་རྩེ་དང་མངའ་རིས་སོགས་སུ་བསྐྱོད་དེ་ཉེས་གསོག་དོགས་ཅན་བཟུང་བ་མ་ཟད། བཀའ་གདམས་པའི་མཆོད་རྟེན་ཚུད་པའི་རྒྱལ་ཁབ་རིམ་པའི་རིག་དངོས་8ཚུར་བླངས་པ་རེད།

    ལོ་14ཡི་རིང་། བློ་བཟང་གིས་གྱོད་གཞི་སྣ་ཚོགས་མྱུལ་ཞིབ་དང་རྩད་གཅོད་ཧུར་ཐག་བྱས་པར། ཚབས་ཆེ་དང་དམིགས་བསལ་གྱི་གྱོད་གཞི་མྱུལ་ཞིབ་དང་རྩད་གཅོད་ཐུབ་ཚད་100%ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།