[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉིང་ཁྲི་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཁྱེར་རུ་ཆེན་གྱིས

    གྲོང་ཁུལ་ལམ་དྲ་དོ་དམ་འགན་འཁྲིའི་ལམ་ལུགས་ནན་དུ་བཏང་ནས་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    yuanhx9a37_s.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ལམ་དང་བདེ་སྐྱིད་ལམ་གྱི་བཞི་མདོ་ཁའི་གློག་སྒྲོན་སྒྱུར་བཀོད་རིམ་སྤོར་ཟིན་རྗེས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྣམ་པ་ཡིན་པ།

    གྲོང་ཁུལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་གོ་རིམ་དང་ལྡན་པའི་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱ་ཆེད། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་མི་ཤུགས་རྒྱབ་སྐྱོར་འོག འགྲིམ་འགྲུལ་ཉིང་ལག་རུ་ཁག་གྲོང་ཁྱེར་རུ་ཆེན་གྱིས་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གཞུང་ལམ་འགྲིམ་འགྲུལ་དྲ་མིག་ཅན་དོ་དམ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། བྲག་ཡིབ་གྲོང་ཁུལ་འགན་འཁྲིའི་དྲ་མིག་ཡུག་ཁུལ་ཁག་བཞིར་ཕྱེ་སྟེ་མི་དམངས་ཉེན་རྟོག་པ་10དང་དྲ་མིག་མི་སྣ་20ལ་འགན་དཀྲིས་པ་དང་། ཡུག་ཁུལ་ཁག་གིས་ཚན་རིག་དང་མཐུན་པ་དང་ལུགས་མཐུན་གྱི་འགྲིམ་འགྲུལ་མཚོན་རྟགས་དང་ཐིག་རིས་དང་ལམ་སྒྲོན་དམར་པོ་དང་ལྗང་ཁུ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་བེད་སྤྱོད་གང་ལེགས་བྱས་ནས། ལམ་དུམ་བདག་སྐྱོང་དབང་ཆ་སྔར་བས་ཁ་གསལ་དང་གཞུང་ལམ་ཤར་གཏོང་ལས་ཕྱོད་མཐོར་གཏོང་གིས་འགྲིམ་འགྲུལ་འགག་པའི་སྣང་ཚུལ་ཞི་ལྷོད་དུ་བཏང་ནས། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད།

    ལམ་དྲའི་ལས་དོན་སྤེལ་ཚུན། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཁྱེར་རུ་ཆེན་གྱིས་བདེ་འཇཌ་ཐད་ཀྱི་མི་མངོན་པའི་རྐྱེན་ངན་བསལ་ནས། གཞུང་ལམ་འགྲིམ་འགྲུལ་གྱི་དྲ་མིག་དོ་དམ་ནུས་པ་ཆེ་རུ་བཏང་སྟེ། གྲོང་ཁུལ་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གཙོ་བོ་60ལྷག་ཙམ་གྲལ་བཤེར་དག་ཐེར་བྱས་པ་དང་། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཡུན་རིང་གནས་པའི་ལམ་མདོ་དང་ལམ་དུམ་ལ་དམིགས་ནས། འགྲིམ་འགྲུལ་ཉིང་ལག་རུ་ཁག་དང་གྲོང་ཁྱེར་རུ་ཆེན་གྱིས་གྲོང་སྲིད་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རེ་རེ་བཞིན་བརྟག་དཔྱད་ཚད་ལེན་བྱས་པ་དང་། ཚོགས་འདུའི་ཐོག་བགྲོ་གླེང་དང་ཞིབ་འཇུག་བྱས་པ་བརྒྱུད། ལམ་མདོ་20ལྷག་ཙམ་ལ་བཅད་དྲ་བསྒར་ནས་བགྲོད་ལམ་བཀག་སྡོམ་བྱས་ཏེ། འགྲིམ་འགྲུལ་ལས་འཛོལ་ཉུང་དུ་བཏང་བ་མ་ཟད། ད་དུང་གཞུང་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་བཏང་བ་རེད། ཧྥུའུ་ཆིང་ཧོ་ལམ་དུ་རླངས་འཁོར་གང་བྱུང་དུ་འཇོག་པ་དང་ལས་འཛོལ་མང་བ་སོགས་ཀྱི་གནད་དོན་རྟག་ཏུ་ལྷག་གི་ཡོད་པས། འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཁྱེར་རུ་ཆེན་གྱིས་འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད། ལམ་དུམ་དེར་ཕྱོགས་རྐྱང་པའི་འགྲོ་སྐྱོད་དོ་དམ་བྱས་པ་མ་ཟད། ད་དུང་རླངས་འཁོར་འཇོག་ས་འཆར་འགོད་བྱས་ཏེ། ལམ་དུམ་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ནུས་ལྡན་བྱས་ནས་འགྲིམ་འགྲུལ་ལས་འཛོལ་ཉུང་དུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།