[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མི་དམངས་ཉེན་རྟོག་པས།

    ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་བྱས་ནས་སྐོར་ཚོང་རྒྱག་མཁན་དང་ཁྲོམ་འདོན་མཁན་79གཙང་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཕོ་བྲང་པོ་ཏ་ལ་འཛམ་གླིང་གི་གྲགས་ཅན་རིག་གནས་ཤུལ་བཞག་ཅིག་ཡིན་པའི་ངོས་ནས་ལོ་ལྟར་ཡུལ་སྐོར་བ་མང་པོ་འདི་གར་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཡིན་ནའང་ཁྲོམ་འདོན་པ་དང་སྐོར་ཚོང་རྒྱག་པ་སོགས་ཀྱི་སྣང་ཚུལ་གྱིས་ལྷ་ས་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཐང་ཆེན་མངགས་གཏོང་ཁང་གིས་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག“ཧྥིང་ཆའོ་ཉམས་མྱོང”མཐའ་འཁྱོངས་བྱས་ཏེ་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཟང་ཟིང་གནད་དོན་ལ་དམིགས་ནས། ཐར་པར་གཏན་ནས་མི་གཏོང་བ་དང་བྱ་ཐབས་མང་བའི་སྒོ་ནས་ས་ཁོངས་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་གི་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་རེད།

    ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་འགོ་ཁྲིད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག ཐང་ཆེན་མངགས་གཏོང་ཁང་གིས་ཆེད་དོན་བཅོས་སྒྲིག་ཚོགས་ཆུང་བཙུགས་ནས་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་དང་རྫོང་རྒྱབ་ཀླུ་ཁང་སོགས་གཙོ་གནད་ས་ཁོངས་སུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་དང་ཟང་ཟིང་གི་གནད་དོན་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་སྟེ། གྲོང་ཁྱེར་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ནན་པོ་བྱས་པ་རེད།

    ཆེད་དོན་བཅོས་སྒྲིག་བྱས་ཚུན། ཐང་ཆེན་མངགས་གཏོང་ཁང་གི་གོང་འོག་ཚང་མས་དམ་བསྒྲགས་ཀྱི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་སྐོར་ཚོང་རྒྱག་པ་དང་། ཁྲོམ་གང་བྱུང་འདོན་པ། སྒོ་འཛིན་ལོག་ཚོང་རྒྱག་པ། སྤྲང་པོ་མང་བ་སོགས་ཀྱི་སྣང་ཚུལ་ལ་ཁྲིམས་བཞིན་རྡུང་རྡེག་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ་རེད། ཐང་ཆེན་མངགས་གཏོང་ཁང་གིས་ས་ཁོངས་ནང་གི་སྐོར་ཚོང་རྒྱག་པ་དང་བཙན་ཉོ་བཙན་ཚོང་བར་ཁོངས་གཏོགས་ས་ཆ་དོ་དམ་གྱི་རྩ་དོན་གཞིར་བཟུང་། སྐོར་ཚོང་རྒྱག་མཁན་ལ་བཅའ་ཁྲིམས་ཀྱི་སློབ་གསོ་བརྒྱབ་པ་དང་ཆབས་ཅིག ཁོངས་གཏོགས་ས་ཆའི་འབྲེལ་ཡོད་སྡེ་ཚན་དུ་རྩིས་སྤྲད་ནས་སྔར་བས་དོ་དམ་བྱ་རྒྱུ་དང་སློབ་གསོ་གཏོང་རྒྱུ་རེད།

    གཙང་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་གང་བྱུང་འདོན་མཁན་ལ་རྡུང་རྡེག་བཏང་བ། སློབ་གསོ་ཁྲིད་སྟོན་གཙོ་བོར་བྱེད་པ་དང་སྲིད་འཛིན་ཆད་གཅོད་ཕལ་པར་བྱེད་པའི་རྩ་དོན་གཞིར་བཟུང་། ཐང་ཆེན་མངགས་གཏོང་ཁང་གིས་སྒྲིག་འགལ་ཚོང་པར་དེ་ནས་ཁ་བྲལ་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པ་དང་། ཁ་ཏ་བསླབ་བྱ་བྱས་ནས་མ་ཉན་པ་དང་རྣམ་འགྱུར་ངན་པའི་ཚོང་པ་འབྲེལ་ཡོད་སྡེ་ཚན་ལ་རྩིས་སྤྲད་ནས་ཅ་དངོས་བཙན་ཤེད་ངང་གཞུང་བཞེས་གཏོང་གི་ཡོད།

    དེ་དང་ཆབས་ཅིག་ཐང་ཆེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་རྒྱུན་གཏན་གྲལ་བཤེར་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ལོག་ཚོང་རྒྱག་པ་དང“སྒོ་འཛིན་ཉོ་རོགས་བྱེད་པ”སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་ཏེ“སྤ་སེ་ལོག་ཚོང་རྒྱག་པའི”སྣང་ཚུལ་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་དེའི་མཐའ་འཁོར་གྱི་ཡུལ་སྐོར་ཁོར་ཡུག་གི་སྒྲིག་ལམ་རྒྱུན་མཐུད་ཡག་པོ་ཡོང་བའི་འགན་ལེན་བྱས་ཡོད།

    མིག་སྔའི་བར། ཐང་ཆེན་མངགས་གཏོང་ཁང་གིས་སྐོར་ཚོང་རྒྱག་པ་དང་ཁྲོམ་འདོན་མཁན་79གཙང་བཤེར་བྱས་པ་དང་། ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ལོག་ཚོང་རྒྱག་མཁན་16བཟུང་ནས་མི་5སྲིད་འཛིན་བཀག་ཉར་བྱས་པ་དང་། མི་11ལ་ཆད་པ་བཅད་མེད་པ། སྤྲང་པོ་173གཙང་བཤེར་བྱས་པའི་ནང་། མི་83དམངས་སྲིད་ཅུས་ལ་དམངས་སྲིད་རོགས་སྐྱོར་བྱ་རྒྱུར་བསྐྱལ་བ་དང་། མི་12ལ་སྐྱོན་བརྗོད་སློབ་གསོ་བྱས་པ། མི་31ས་ཁོངས་ཀྱི་མངགས་གཏོང་ཁང་ལ་རྩིས་སྤྲད་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།