[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མཚན་ཆར་ཁྲོད་ཀྱི་ཛ་དྲག་ཆེ་བའི་རོགས་སྐྱོབ་གནས་ཚུལ་ཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    zengfg98156.jpg

    འདི་ནི་རོགས་སྐྱོབ་བྱ་ཡུལ་ཡིན་པ།

    ཟླ་7ཚེས་26ཉིན་གྱི་ཆུ་ཚོད་22དང་སྐར་མ་30ཙམ་ལ། མཚོ་སྣ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པར་ཅུས་བཀོད་འདོམས་ལྟེ་གནས་ནས་ཁ་པར་ཞིག་འབྱོར། ཁ་པར་ནང་ལམ་ཕུག་ཤང་ཐང་དབུ་གྲོང་ཚོའི་ཉེ་འགྲམ་དུ་ལམ་ཆུས་འཁྱེར་ནས་ཨར་སྐྲུན་བཟོ་པ་ཞིག་འགྲོ་སྐྱོད་བྱེད་ཐབས་བྲལ་བས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་འཕྲལ་མར་རོགས་སྐྱོབ་ལ་འགྲོ་དགོས་ཞེས་བཀའ་སྦྱོར།

    དེ་ཉིན་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ། ཨར་སྐྲུན་བཟོ་པ་ཙེང་ཆེ་གེ་མོས་འཕྲུལ་འཁོར་བཏང་ནས་ལམ་ཕུག་ཤང་གི་ལས་ཡུལ་ཞིག་ཏུ་ལས་དོན་སྒྲུབ་པར་བསྐྱོད། དགོང་མོའི་ཆུ་ཚོད་22ཙམ་ལ། ཚུར་ལོག་པའི་ལམ་བར་དུ་དྲག་ཆར་བབས་ནས་ལམ་ཆུས་འཁྱེར་ཏེ་སྐྱོད་ཐབས་བྲལ་བར་གྱུར། ཛ་དྲག་གི་གནས་ཚུལ་འོག་ཙེང་ཆེ་གེ་མོས་འཕྲུལ་འཁོར་ལམ་འགྲམ་དུ་ཁ་བཀག་པ་དང་འབྲེལ་སྤྱི་བདེ་ལས་ཁུངས་ལ་རོགས་སྐྱོབ་སྙན་སེང་ཞུས། རོགས་སྐྱོབ་ཁ་པར་འབྱོར་རྗེས། རུ་ཆེན་གྱི་འགན་འཁུར་བས་འཕྲལ་དུ་སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་བྱས་ཏེ་ཆར་རྡུང་ལ་མི་འཛེམ་པར་རོགས་སྐྱོབ་ལ་བསྐྱོད། ཆུ་ཚོད་23དང་སྐར་མ་20ཙམ་ལ། རོགས་སྐྱོབ་མི་དམངས་ཉེན་རྟོག་པ་གནས་ཚུལ་ཐོན་སར་འབྱོར། ལམ་ངོས་ཆུས་འཁྱེར་ནས་རོགས་སྐྱོབ་མི་དམངས་ཉེན་རྟོག་པ་སྐྱེས་པ་དེའི་འཁྲིས་སུ་འགྲོ་ཐབས་བྲལ་བར་བརྟེན་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ་འཕྲུལ་འཁོར་གཞན་དག་བཏང་ནས་རོགས་སྐྱོབ་ལ་གཞོགས་འདེགས་བྱ་རྒྱུའི་རེ་ཞུ་བྱས། ཆུ་ཚོད་2ལྷག་ཙམ་ཛ་དྲག་རོགས་སྐྱོབ་བྱས་པ་བརྒྱུད། ཙེང་ཆེ་གེ་མོ་བདེ་བླག་ངང་བསྐྱབས་པ་དང་ཁོ་པར་རྨས་སྐྱོན་ཕོག་མེད་པ་ཤེས་རྗེས་རྫོང་གྲོང་དུ་སྡོད་ས་བཀོད་སྒྲིག་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།