[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • པ་སྣམ་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་ཤང་གྲོང་ཁག་གི་ལྟ་ཞིབ་ཁང་གི་སྒོ་ཡོལ་ཕྱེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཚད་གཞི་མཐོ་པོས་ལྟ་ཞིབ་འགན་ནུས་སྒྲུབ་པ་དང་ལྟ་ཞིབ་ལས་དོན་གཞི་རིམ་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་དུས། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་ཤང་གྲོང་ལྟ་ཞིབ་ཁང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཙུགས་པའི་ལྟ་ཞིབ་ཁང་དང་ཤང་གྲོང་སྒྲིག་ཨུད་མཉམ་དུ་གཞུང་དོན་བསྒྲུབས་པ་དང་ལས་དོན་གྱི་སྒྲིག་གཞི་ཆ་ཚང་གཅིག་ལ་སྒོ་བྱང་གཉིས་བཀལ་ནས་སྒྲིག་བཤེར་དང་ལྟ་ཞིབ་ཀྱི་འགན་འཁྲི་གཉིས་བསྒྲུབས་པ་དང་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁུར་བ་དང་རྫོང་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་དང་ལྟ་འདོམས་དང་ལེན་བྱེད་ཀྱི་ཡོད། ཤང་གྲོང་ལྟ་ཞིབ་ཁང་ལ་ཀྲུའུ་རེན་གཅིག་དང་ལྟ་ཞིབ་པ་2ཡོད་པ་དང་ཤང་གྲོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་སྒྲིག་བཤེར་ཆེད་བསྐོས་ལས་བྱེད་པས་འགན་གཅིག་ལྕོགས་འཁུར་ཏེ་ཤང་གྲོང་ལྟ་ཞིབ་སྒྲིག་གཞི་དང་། ལྟ་ཞིབ་མི་སྣ། ལྟ་ཞིབ་འགན་ནུས་བཅས“དོན་འཁྱོལ་གསུམ”མངོན་འགྱུར་བྱུང་ཡོད།

    ལྟ་ཞིབ་ཁང་གི་ལས་དོན་མི་སྣ་ཚོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྒོ་བྱང་བཀལ་རྗེས་འཕྲལ་དུ་འགན་འཁྲི་སྒྲུབ་པའི”བསམ་བློའི་རང་རྟོཌ་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་ལྟ་འདོམས་དང་། བརྟག་ཞིབ། ཐག་གཅོད་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ལྟ་འདོམས་ཞིབ་ཚགས་དང་རྒྱུན་དུ་ནས་སྒྲུབ་པ་བཅས་བྱས་ཏེ་གནད་སྨིན་ལྟ་འདོམས་དང་ཚན་རིག་དང་མཐུན་པའི་ལྟ་འདོམས། ཕན་ཆེའི་ལྟ་འདོམས་བཅས་མངོན་འགྱུར་ཧུར་ཐག་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།