[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་ཁྱེར་ཡོངས་སུ་མཚན་མོའི་ཞིབ་བཤེར་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ▲ ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། “ཉིན་80དཀའ་སྤྱད་ལས་དོན་སྒྲུབ་པའི”ལས་ཀའི་བླང་བྱ་ལྟར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་གྱི་ཕྱོགས་ཡོངས་སུ་འགྲིམ་འགྲུལ་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད།

    ▲ ཉིན་ཤས་གོང་གི་དགོང་མོར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཉེན་རྟོག་པ་150དང་མོ་ཊ་20བཀོད་སྒྲིག་བྱས་ནས་གྲོང་ཁུལ(ཆུས་3དང་རྫོང་5)ལ་སྐབས་འཕྲལ་གྱི་ཞིབ་བཤེར་བྱ་ཡུལ་བཙུགས་ཏེ་མཚན་བཤེར་གྱི་བྱ་སྤྱོད་སྤེལ་བ་རེད།

    ▲ ཆང་བཏུངས་འཁོར་གཏོང་གི་གནད་དོན་གཉིས་དང་ར་བཟི་འཁོར་གཏོང་གི་གནད་དོན་གཉིས་ཞིབ་བཤེར་ཐུབ་པ་རེད།

    ཆང་རག་བཏུངས་ནས་མོ་ཊ་བཏང་། ཉེན་རྟོག་མཐོང་རྗེས་འཕྲལ་དུ་བྲོས།

    ཉིན་དེའི་དགོང་མོའི་ཆུ་ཚོད་9པར། ཉེན་རྟོག་པས་གཙང་འགྲམ་ལམ་དུ་ལམ་འགོག་བྱང་བུ་བཙུགས་ནས། ཞིབ་བཤེར་བྱེད་འགོ་ཚུགས། གཙང་འགྲམ་ལམ་དུ་ཞིབ་བཤེར་བྱས་ནས་ཧ་ལམ་ཆུ་ཚོད་ཕྱེད་ཀ་ཙམ་སོང་། ཡུལ་ཙམ་ཞིག་ལ། ཉེན་རྟོག་པའི་བརྡ་གཏོང་ཡོ་བྱད་ནས་ལས་རོགས་ཀྱི་བརྡ་འབྱོར་ཏེ། སྣེའུ་ཁུལ་དུ་ཆང་རག་བཏུངས་ནས་མོ་ཊ་གཏོང་མཁན་ཞིག་རྩད་ཆོད་པའི་སྐོར་བཤད།

    ང་ཚོ་གནས་ཚུལ་ཐོན་ཡུལ་དུ་འབྱོར་སྐབས། ཆང་བཏུངས་ཁ་ལོ་བ་ལིའུ་ཆེ་གེ་མོར་ཨ་རག་ཉིང་ཁུ་བཤེར་ཐེངས་དང་པོ་དེ་བྱེད་པའི་སྒང་རེད། “ལིའུ་ཆེ་གེ་མོས་ང་ཚོས་ཞིབ་བཤེར་བྱེད་པ་མཐོང་མ་ཐག དེ་མ་ཉིད་དུ་མོ་ཊ་བསྐྱུར་ཏེ་བྲོས་སོང་། ངས་ཁོ་སྨི་1000ཙམ་འདེད་དགོས་འཁེལ་བྱུང”ཞེས་ཉེ་འགྲམ་གྱི་ཉེན་རྟོག་པས་དབུགས་ཧད་ཧད་ངང་ད་གིན་ལྷག་པའི་གནས་ཚུལ་སྐོར་རགས་ཙམ་བརྗོད་ཅིང་། ཞིབ་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་ལིའུ་ཆེ་གེ་མོར་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཧྲེང་59འདྲེས་པ་དང་། “ཆང་བཏུངས་འཁོར་གཏོང”གི་ཚད་གཞིར་སླེབས་པས། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁོའི་ཁ་ལོ་བའི་ལག་ཁྱེར་དང་འགྲུལ་བཞུད་ལག་ཁྱེར་གཉིས་ཀ་གནས་སྐབས་ཉར་རྒྱུ་མ་ཟད། ཆད་གཅོད་འཛིན་ཡིག་སྤྲད་ནས་ཐག་གཅོད་སྔར་བས་བྱེད་རྒྱུ་ཡིན།

    liy9855.jpg

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོའི་ཞིབ་བཤེར་བྱ་སྤྱོད་སྤེལ་བཞིན་པ།

    གཡོ་ཅན་གཡོ་ཇུས་མང་ན་ཡང་། ཉེན་རྟོག་ལག་ནས་ཐར་བར་དཀའ།

    སྐར་མ་ཁ་ཤས་ལས་མ་སོང་བར། ཉེན་རྟོག་པས་སླར་ཡང་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་གཅིག་རྩད་ཆོད། ཁ་ལོ་བ་བཀྲ་ཆེ་གེ་མོའི་མོ་ཊ་ཁ་བཀག་ནས་ཞིབ་བཤེར་བྱེད་རྩིས་བྱེད་སྐབས། མོ་ཊའི་ནང་ནས་ཆང་དྲི་བྲོ་བས། ལམ་སེང་ཁ་འགོག་དུ་བཅུག དེ་རྗེས་བཀྲ་ཆེ་གེ་མོས་མོ་ཊ་ནས་མར་བབས་ཏེ། ད་གིན་མོ་ཊ་གཏོང་མཁན་ང་མིན་ཞེས་ཞིབ་བཤེར་ལ་གཡོལ་རྩིས་བྱེད་པས། ཁོ་པས་མོ་ཊ་གཏོང་སྐབས་ཀྱི་པར་བསྟན་པས། ད་གཟོད་ག་བྱེད་འདི་བྱེད་མེད་པར་གྱུར། དེ་ནས་བཀྲ་ཆེ་གེ་མོར་ཞིབ་བཤེར་ཐེངས་དང་པོ་བྱེད་སྐབས། ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཧྲེང་95འདྲེས་པས། ར་བཟི་འཁོར་གཏོང་གི་ཚད་གཞིར་སླེབས་པ་དང་། སླར་ཡང་ཞིབ་བཤེར་བྱས་པས། ཁོ་པའི་གཟུགས་པོར་ཨ་རག་གི་ཉིང་ཁུ་ཧོའེ་ཧྲེང་53འདྲེས་ཡོད།

    དེ་རྗེས། ཉེན་རྟོག་པས“ཆང་བཏུངས་འཁོར་གཏོང”གི་དོགས་གཞི་ཡོད་པའི་ཁ་ལོ་བ་2པོ་མི་དམངས་སྨན་ཁང་ལ་ཞིབ་དཔྱད་ཞིབ་ཕྲ་བྱེད་པར་ཁྲིད་པ་རེད།

    རགས་རྩིས་ལྟར་ན། ཚེས་3ཉིན་དགོང་མོར། ཆང་བཏུངས་འཁོར་གཏོང་2དང་། ར་བཟི་འཁོར་གཏོང་2 ཁ་ལོ་བའི་ལག་ཁྱེར་མེད་པ་2 ལག་ཁྱེར་མི་འཁྱེར་བ་2 དེ་བཞིན་སྒྲིག་འགལ་བྱེད་སྤྱོད་23བཅས་རྩད་ཆོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།