[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མེ་འཁོར་ནང་བརླག་པའི་འགྲུལ་པའི་ལག་ཐོགས་ཁ་པར་མི་དམངས་ཉེན་རྟོག་པས་ཆུ་ཚོད་ཕྱེད་ཀའི་ནང་རྩད་ཆོད་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཟླ་8ཚེས་1ཉིན་གྱི་སྔ་དྲོ། ལྷ་ས་ནས་ཀོང་ཀྲོའུ་རུ་རྡོག་ཐོན་བྱེད་མཁན་མེ་འཁོར་Z266ནང་ལྷ་ས་ལྕགས་ལམ་སྤྱི་བདེ་ཉེན་རྟོག་ཁང་གི་མེ་འཁོར་ཉིང་ལག་རུ་ཁག་གི་མེ་འཁོར་ཉེན་རྟོག་པ་ཝང་དབྱང་དབྱང་ལ་འགྲུལ་པ་ཞུའེ་ཆེ་གེ་མོའི་སྙན་སེང་འབྱོར་ནས་ཁོ་མོའི་ལག་ཐོགས་ཁ་པར་བོར་བརླག་སོང་འདུག་ཅེས་བརྗོད། ཞུའེ་ཆེ་གེ་མོས་ངོ་སྤྲོད་བྱས་པར་གཞིགས་ན། ཁོ་མོའི་ལག་ཐོགས་པར་སྒྲོག་ཙེའི་སྟེང་བཞག་ཡོད་ཀྱང་མིག་ཡུད་ཙམ་ལ་མཐོང་རྒྱུ་མེད་པར་གྱུར་ནས་ཁྱིམ་མི་དང་འབྲེལ་བ་བྱེད་ཐབས་བྲལ་བས་དངངས་འཚབ་ཆེན་པོ་བྱུང་ཡོད། སྐབས་དེའི་གནས་ཚུལ་ཞིབ་ཕྲ་སྐད་ཆ་དྲིས་པ་བརྒྱུད་ཝང་དབྱང་དབྱང་གིས་རུ་སྣེ་ཁྲིད་དེ་འཕྲལ་མར་འཁོར་སྒྲོམ་ནང་གནས་ཚུལ་བརྟག་དཔྱད་བྱེད་པར་ཕྱིན། ཞུའེ་ཆེ་གེ་མོའི་ཉེ་འཁོར་གྱི་འགྲུལ་པར་གྲལ་བཤེར་བྱས་པ་བརྒྱུད། ཝང་དབྱང་དབྱང་གིས་ཉེས་གསོག་དོགས་ཅན་འགྲམ་གྱི་འཁོར་སྒྲོམ་ནང་ཡོད་པའི་ཏོན་ཆེ་གེ་མོ་ཡིན་པར་གཏན་འཁེལ་བྱས་པ་དང་ཆབས་ཅིག ཏོན་ཆེ་གེ་མོས་འཁྱེར་བའི་སྟོད་ཕད་ནས་ཞུའེ་ཆེ་གེ་མོའི་ལག་ཐོགས་ཁ་པར་བཏོན་པས། དོ་བདག་ཞུའེ་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ནས་ཆུ་ཚོད་ཕྱེད་ཀ་ལས་སོང་མེད།

    ད་ཆ་ཏོན་ཆེ་གེ་མོ་ཟི་ལིང་བབས་ཚུགས་ཀྱི་མངགས་གཏོང་ཁང་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    ལྷ་ས་ལྕགས་ལམ་ཉེན་རྟོག་པ་ཕྱོགས་ཀྱིས། རྒྱ་ཆེའི་འགྲུལ་པར་གལ་སྲིད་མེ་འཁོར་ནས་རང་སྒེར་གྱི་ཅ་དངོས་བོར་བརླག་སོང་ཚེ་མེ་འཁོར་དབུས་ཀྱི་འཁོར་སྒྲོམ་བདུན་པའི་ཉེན་རྟོག་པར་བརྡ་གཏོང་བའམ་ཡང་ན་ཁ་པར་ཨང་གྲངས་08916756110ལ་སྙན་སེང་ཞུ་ཆོག་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།