[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲིམས་འཛིན་མི་སྣས་ཇ་ཁང་གི་འབྲེལ་ཡོད་འགྲོ་ལུགས་ཞིབ་བཤེར་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    བོད་ཀྱི་ཇ་ཁང་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་ཡོད་ལ་གོང་ཚད་ཁེ་བར་བརྟེན་རྒྱ་ཆེའི་གྲོང་མི་མང་ཚོགས་དང་ཡུལ་སྐོར་བས་དགའ་པོ་བྱེད་པ་མ་ཟད། ད་དུང་མི་སྣ་འདུ་འཛོམས་བྱེད་ས་ཞིག་ཏུ་གྱུར་ཡོད། ཇ་ཁང་གི་ཚད་ལྡན་ཅན་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་བཟའ་བཅའི་བདེ་འཇགས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་རིམ་གཉིས་ཁྲོམ་རའི་ལྟ་འདོམས་ཅུས་ཀྱིས་གཟའ་འཁོར་གཅིག་ནང་ལྷ་ས་གྲོང་ཁྱེར་གྱི་ཇ་ཁང་400ལྷག་ཙམ་ལ་གཅིག་སྡུད་བཅོས་སྒྲིག་བྱས་ནས་ཚད་ལྡན་ཅན་གྱི་དཔེ་སྟོན་ཇ་ཁང་ཁག་གཅིག་འཛུགས་རྒྱུའི་བརྩོན་ལེན་བྱས་ཡོད་པ་རེད།

    649441_yis_1565064702552.jpg

    འདི་ནི་ཁྲིམས་འཛིན་མི་སྣས་ཇ་ཁང་གི་འབྲེལ་ཡོད་འགྲོ་ལུགས་ཞིབ་བཤེར་དང་ཞིབ་བསྡུར་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།