[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དཔའ་ཤོད་རྫོང་ཁྲིམས་ཁང་གིས་ཁ་པར་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཉེ་ཆར། དཔའ་ཤོད་རྫོང་མི་དམངས་ཁྲིམས་ཁང་གིས་སྟབས་བདེའི་བྱ་ཐབས་སྤྱད་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཞིག་མགྱོགས་མྱུར་འདུམ་འགྲིག་བྱས་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད།

    2017ལོའི་ཟླ་11ཚེས་8ཉིན། ཞུ་སྦྱོར་སྔ་མ་ལེང་ཆེ་གེ་མོར་རོགས་པས་ངོ་སྤྲོད་བྱས་པ་བརྒྱུད་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ཙེ་ཁྲེན་པའོ་གཡོད་གསོལ་མགྲོན་ཁང་ཆེན་མོ་ཨར་སྐྲུན་བྱ་ཡུལ་དུ་ཤིང་བཟོའི་ལས་ཀ་བྱེད་ཀྱི་ཡོད་པ་དང་2018ལོའི་ཟླ་5ཚེས་23ཉིན་ལས་གྲྭ་མཇུག་འགྲིལ་བ་རེད། བསྡོམས་རྩིས་བརྒྱབ་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ནོར་ཆེ་གེ་མོས་ཞུ་སྦྱོར་སྔ་མ་ལེང་ཆེ་གེ་མོར་གླ་ཆ་སྒོར་120000སྤྲོད་དགོས་པ་དང་ཞུ་སྦྱོར་ཕྱི་མ་ནོར་ཆེ་གེ་མོས་2019ལོའི་ཟླ་3ཚེས་30ཉིན་གོང་ཚང་མ་སྤྲོད་རྒྱུའི་ཁས་ལེན་བྱས། དངུལ་སྤྲོད་པའི་དུས་ལ་སླེབས་རྗེས། ལེང་ཆེ་གེ་མོས་དངུལ་ཐེངས་མང་འདེད་ཀྱང་། ཞུ་སྦྱོར་ཕྱི་མ་ནོར་ཆེ་གེ་མོས་ཞུ་སྦྱོར་སྔ་མ་ལེང་ཆེ་གེ་མོས་ཤིང་བཟོའི་ལས་ཀ་དེ་ཅ་དངོས་རེར་སྒོར་350སྤྲོད་རྒྱུའི་ཚད་གཞིར་གཞིགས་ནས་གླ་ཆ་ཞུ་སྦྱོར་སྔ་མས་བཟོས་པའི་གྲངས་ཚད་ལ་གཞིགས་ཏེ་རྩིས་བརྒྱབ་སྟེ། ཞུ་སྦྱོར་སྔ་མར་གླ་ཆ་སྒོར་94000སྤྲོད་དགོས་པ་དང་། 2018ལོའི་ལོ་གསར་རིང་ཞུ་སྦྱོར་སྔ་མར་གླ་ཆ་སྒོར་5000སྤྲད་པས་ད་ལྟ་ད་དུང་གླ་ཆ་སྒོར་89000སྤྲོད་རྒྱུར་ལུས་ཡོད། འོན་ཀྱང་ད་བར་འགྱངས་ཆད་ཀྱི་གླ་ཆ་ད་དུང་སྤྲད་མེད།

    ཁྲིམས་ཁང་འདིས་གྱོད་གཞི་བདག་སྤྲོད་བྱས་རྗེས། ཞུ་སྦྱོར་སྔ་མ་དང་ཕྱི་མ་གཉིས་ཀ་ས་ཆ་འདིར་མེད་པར་བསམ་གཞིག་བྱས་ཏེ། ཞུ་གཏུག་གི་མ་གནས་དམའ་རུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཞུ་གཏུག་གི་ངལ་བ་ཆུང་དུ་གཏོང་བ། འགལ་བ་མྱུར་དུ་སེལ་བ་བཅས་བྱ་ཆེད། གྱོད་སྒྲུབ་ཁྲིམས་དཔོན་གྱིས་ཁ་པར་ཐོག་ནས་འབྲེལ་བ་ཐེངས་མང་བྱས་ཏེ་དོ་བདག་ཕྱོགས་གཉིས་དབར་འདུམ་འགྲིག་བྱས་ཤིང་། ངང་རྒྱུད་རིང་པོས་ཞུ་སྦྱོར་ཕྱི་མ་ནོར་ཆེ་གེ་མོར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་ཡག་པོ་བྱས་པ་དང་། ཞིང་པ་ལས་མིའི་དཀའ་ངལ་བཤད་པ། ཚིག་འཇམ་ངག་སྙན་གྱིས་སློབ་གསོ་ཐེངས་མང་བྱས་པ་བརྒྱུད། མཐར་གྱོད་སྒྲུབ་ཁྲིམས་དཔོན་གྱི་གཙོ་སྐྱོང་འོག་ཕྱོགས་གཉིས་ཀྱིས་རང་འགུལ་ངང་འདུམ་འགྲིག་གི་གྲོས་མཐུན་འཇོག་རྒྱུའི་ཁས་བླངས་ཤིང་། ནོར་ཆེ་གེ་མོས་2019ལོའི་ཟླ་12ཚེས་31ཉིན་གོང་ཞུ་སྦྱོར་སྔ་མ་ལེང་ཆེ་གེ་མོའི་གླ་ཆ་སྒོར་90000ཆ་ཚང་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།