[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་དམག་ཁུལ་ཁང་གི་རླངས་འཁོར་སྐྱེལ་འདྲེན་ལུའི་ཞིག་གིས།

    སྲིད་བཀུར་དམངས་གཅེས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། བོད་དམག་ཁུལ་ཁང་གི་རླངས་འཁོར་སྐྱེལ་འདྲེན་ལུའི་ཞིག་གི་དཔོན་དམག་བརྒྱ་ལྷག་ཙམ་བཅའ་སྡོད་བྱ་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི”སྲིད་བཀུར་དམངས་གཅེས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ་མ་ཟད། ཚོགས་ཆུང་6གིས་ཁག་བགོས་ངང་ས་ཁོངས་ལ་གཞིགས་ནས་སྲིད་ཇུས་སྒྲོག་འགྲེལ་དང་། སྐོར་སྐྱོད་སྨན་བཅོས། རླངས་འཁོར་ཉམས་བཟོ་སོགས་ཀྱི་བྱེད་སྒོ་འཕྲལ་མར་སྤེལ་བ་རེད།

    དཔོན་དམག་ཚོ་ཡོང་བའི་གནས་ཚུལ་ཐོས་མ་ཐག་ས་གནས་དེ་གའི་མང་ཚོགས་ཀྱིས་ཆེད་མངགས་སོ་སོའི་ཐོག་ཁར་རྒྱལ་དར་གསར་པ་བཙུགས་པ་དང་འབྲེལ། རྒྱལ་དར་ཆུང་ཆུང་ལག་ཏུ་འཁྱེར་ཏེ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་བླངས་ནས་རླངས་འཁོར་སྐྱེལ་འདྲེན་ལུའི་ཡི་དཔོན་དམག་ཚོར་དགའ་བསུ་ཞུས་པ་རེད། སྔ་དྲོའི་ཆུ་ཚོད་8པར་དམག་དཔུང་གི་རླངས་འཁོར་རྦད་དེ་ཁ་བཀག་མེད་ཀྱང་ས་གནས་དེ་གའི་མང་ཚོགས་ཚོས་མཐའ་བསྐོར་ནས་འཚང་ཁ་ཤིག་ཤིག་ངང་ཁ་བཏགས་གཡོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་དམག་ཁུལ་ཁང་གི་རླངས་འཁོར་སྐྱེལ་འདྲེན་ལུའི་ཞིག་གིས་སྔ་རྗེས་སུ་བཅའ་སྡོད་བྱ་ཡུལ་དང་སྐྱེལ་འདྲེན་ལམ་རྒྱུད་ཀྱི་སློབ་གྲྭ་དང་། རྒན་གསོ་ཁང་། གྲོང་ཚོ་སོགས་ཚན་པ་23དང“མིང་བྱང་བཀོད་པའི”ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་བསྐྱར་དུ་བཟོས་ནས་སྲིད་བཀུར་དམངས་གཅེས་དང་དབུལ་སྐྱོར་དཀའ་སེལ་གྱི་བྱེད་སྒོ་དུས་བཀག་ལྟར་སྤེལ་བ་དང་། སྐྱེལ་འདྲེན་ལས་འགན་སྒྲུབ་པ་སོགས་ཀྱི་གོ་སྐབས་སྤྱད་དེ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་དང་། ས་རྒྱུ་ཞན་པའི་ཐག་རིང་གྲོང་གསེབ་ཏུ་བསྐྱོད་དེ་འདྲི་རྩད་དང་འཚམས་འདྲི་བྱས་པ་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་། ངོ་ཐུག་གདོང་འཕྲད་ཀྱི་བཅར་འདྲི། གཅིག་སེམས་གཅིག་སྦྲེལ་གྱིས་གནས་ཚུལ་ཤེས་རྟོགས་བཅས་བྱས་པ་བརྒྱུད་མང་ཚོགས་ཚོས་བསམ་བློ་གང་གཏོང་བ་དང་། མང་ཚོགས་ལ་དགོས་མཁོ་གང་ཡོད་པ། མང་ཚོགས་ཚོས་རེ་སྒུག་གང་བྱེད་པ་བཅས་ཤེས་རྟོགས་བྱས་ནས་སྲིད་བཀུར་དམངས་གཅེས་ཀྱི་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད། “1+1”གི་སློབ་སྐྱོར་རོགས་སྐྱོབ་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་ལས་ཁུངས་དང་ལན་རྒན་པ་ཡན་གྱི་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སློབ་མ་དབུལ་པོ་དང་དེའི་ཁྱིམ་ཚང་དང་ཆ་སྒྲིག་བྱས་པ་རེད།

    རླངས་འཁོར་སྐྱེལ་འདྲེན་དཔོན་དམག་དང་ལོ་78ལ་སླེབས་པའི་བོད་རིགས་ཨ་མ་ཆོས་སྒྲོན་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་བཙུགས་ཡོད་ཅིང་། དུས་ཆེན་སྐབས་སུ་རླངས་འཁོར་དཔོན་དམག་གིས་ཁོང་ལ་འཚམས་འདྲི་བྱེད་པར་བསྐྱོད་ནས་དངུལ་དང་དངོས་ཟོག་སྤྲོད་པ་དང་ཆབས་ཅིག དུས་བཀག་ལྟར་ཨ་མ་རྒན་མོའི་གཟུགས་པོར་བརྟག་དཔྱད་ཀྱང་བྱས་ཡོད། ཨ་མ་རྒན་མོས“མ་གཞི་རང་ཉིད་ལ་བུ་ཕྲུག་མེད་ཀྱང་རླངས་འཁོར་སྐྱེལ་འདྲེན་ལུའི་ཡི་དཔོན་དམག་ཚོ་ནི་རང་ཉིད་ཀྱི་གཉེན་ཉེ་དང་གཉིས་སུ་མ་མཆིས། གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་མི་ནི་ངའི་སེམས་ནང་གི་མགོན་སྐྱབས་ངོ་མ་ཡིན”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།