[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་སྡོད་ལུའི་ཞིག་གིས་གུང་གཞོན་སྡེ་ཚོགས་ལ་ཞུགས་པའི་དམ་འཇོག་མཛད་སྒོ་འཚོཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    zhuy956.jpg

    “ངས་རང་མོས་ངང་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་ལ་ཞུགས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་པའི་རྔམ་བརྗིད་ལྡན་པའི་དམ་འཇོག་འབོད་སྒྲ་ཡོངས་སུ་གྲགས།

    གུང་གཞོན་སྡེ་ཚོགས་བཙུགས་ནས་ལོ་97འཁོར་བའི་མཚམས་ཀྱི་ཟླ་5ཚེས་4ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་ལུའི་ཞིག་གིས་སྡེ་ཚོགས་ལ་ཞུགས་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཏེ“རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག”བཅས་ཀྱི་ལྔ་བཞིའི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། གཞོན་ནུ་དཔོན་དམག་ཚོའི་མཐུན་སྒྲིལ་འབད་འཐབ་དང་། གཟི་བརྗིད་ལ་གཅེས་འཛིན། དཀའ་ངལ་ལ་མི་སྐྲག་པ། སྙིང་རུས་ཆེན་པོས་བརྩོན་ལེན། འཐབ་ས་དང་པོར་སྐྱོད་ཕོད་པ། གདོང་མཆོང་བྱེད་ཕོད་པ་བཅས་ཀྱི་གཟི་བརྗིད་ཀྱི་སེམས་ཤུགས་དང་། འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་ཡོད།

    སྡེ་ཚོགས་ལ་ཞུགས་པའི་དམ་འཇོག་མཛད་སྒོ་རྔམ་བརྗིད་ལྡན་པའི《གཟི་བརྗིད་ལྡན་པའི་ཀྲུང་གོ་གུང་གཞོན་སྡེ་ཚོགས》ཞེས་པའི་གླུ་སྒྲའི་ཁྲོད་འགོ་ཚུགས་ཤིང་། སྡེ་ཚོགས་ཀྱི་ཚོགས་མི་གསར་པར་ཚོགས་རྟགས་བཏགས་རྗེས་ཚོགས་མི་གསར་པ་32ཀྱིས་དམར་མདངས་བཀྲ་བའི་སྡེ་ཚོགས་ཀྱི་དར་ཆར་ཁ་ཕྱོགས་ཏེ་ལག་གཡས་པ་མཐོན་པོར་བསྒྲེངས་ནས་རྔམ་བརྗིད་ལྡན་པའི་དམ་བཅའ་བཞག་པ་རེད། བློ་བརྟན་འགྱུར་མེད་ཀྱི་མིག་རྒྱང་དང་། དམ་པོར་བཟུང་བའི་ཁུ་ཚུར། སྒམ་ནན་གྱི་དམ་འཇོག་ཚིག་བཅས་ནང་སྡེ་ཚོགས་ཀྱི་ཚོགས་མི་གསར་པ་ཚོའི་སྤོབས་སེམས་དང་དམག་ལ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་གཅིག་ཏུ་འདུས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།