[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་དུས་ཚིགས་དང་པོར་རིགས་ཁག་གི་གྱོད་གཞི་2543བདག་སྤྲོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-23

    མདོ་གནད།

    2019ལོའི་དུས་ཚིགས་དང་པོར། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྱོན་རིགས་ཁག་གི་གྱོད་གཞི་2543བདག་སྤྲོད་བྱས་པ་ན་ནིང་གི་དུས་མཚུངས་ལས་30%འཕར་བ་དང་གྱོད་གཞི་954ཞིབ་གཅོད་བྱས་ནས་གྱོད་ཐག་གཅོད་ཚད་38%ཟིན་ཞིང་། གྱོད་གཞི་བདག་སྤྲོད་བྱེད་ཚད་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་ཨང་དང་པོར་སླེབས་ཡོད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས“ནག་སེལ་གཤེད་བཅོམ་དང་། ཁྲིམས་འགལ་ལ་རྡུང་རྡེག ཟང་ཟིང་བཅོས་སྒྲིག”གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྱོན་རིགས་ཁག་གི་ཉེས་དོན་གྱོད་གཞི་107བདག་སྤྲོད་བྱས་པ་ལས་གྱོད་གཞི་71གྱོད་ཐག་བཅད་ནས་གྱོད་ཐག་གཅོད་ཚད་66%ཟིན་ཞིང་། ཉེས་གསོག་པ་73ལ་ཁྲིམས་ཐག་བཅད་པ་རེད། གཞན་ཡང་། སྲིད་འཛིན་གྱོད་གཞི་19བདག་སྤྲོད་བྱས་པ་ལས་གྱོད་གཞི་6གྱོད་ཐག་བཅད་པ་རེད།

    xuwt9484.jpg

    འདི་ནི་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་བཙན་ཤེད་ངང་ལག་བསྟར་བྱེད་བཞིན་པ།

    ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། 2019ལོའི་དུས་ཚིགས་དང་པོར། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྱོན་རིགས་ཁག་གི་གྱོད་གཞི་2543བདག་སྤྲོད་བྱས་པ་ན་ནིང་གི་དུས་མཚུངས་ལས་30%འཕར་བ་དང་གྱོད་གཞི་954ཞིབ་གཅོད་བྱས་ནས་གྱོད་ཐག་གཅོད་ཚད་38%ཟིན་ཞིང་། གྱོད་གཞི་བདག་སྤྲོད་བྱེད་ཚད་ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་ཨང་དང་པོར་སླེབས་ཡོད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས“ནག་སེལ་གཤེད་བཅོམ་དང་། ཁྲིམས་འགལ་ལ་རྡུང་རྡེག ཟང་ཟིང་བཅོས་སྒྲིག”གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྱོན་རིགས་ཁག་གི་ཉེས་དོན་གྱོད་གཞི་107བདག་སྤྲོད་བྱས་པ་ལས་གྱོད་གཞི་71གྱོད་ཐག་བཅད་ནས་གྱོད་ཐག་གཅོད་ཚད་66%ཟིན་ཞིང་། ཉེས་གསོག་པ་73ལ་ཁྲིམས་ཐག་བཅད་པ་རེད། གཞན་ཡང་། སྲིད་འཛིན་གྱོད་གཞི་19བདག་སྤྲོད་བྱས་པ་ལས་གྱོད་གཞི་6གྱོད་ཐག་བཅད་པ་རེད།

    དེ་དང་དུས་མཚུངས། ལག་བསྟར་དང་ཐེར་འདོན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ཁྲིམས་ཁང་གི་གཙོ་ཆེའི་དྲ་ཚུགས་དང་། སྐད་འཕྲིན། དཔོད་ཆུང་བཅས་ལ་བརྟེན་ནས་“སྒལ་རལ་བ”གསར་པ་ཁག་གཅིག་གི་ཐོབ་ཐང་ཆ་འཕྲིན་ཐེར་འདོན་བྱས་པ་རེད། དྲ་ཐོག་ནས་ལག་བསྟར་བྱ་ཡུལ་གྱི་དངུལ་ཁང་གི་བཅོལ་དངུལ་དང་། འཁོར་རིགས། ཐེམ་ཐོ། ས་མཚམས་ནས་འགྲོ་འོང་། གཉེན་སྒྲིག་ཐོ་འགོད། ས་ཁང་བདག་ཁོངས་བཅས“གནས་ཀྱིས་གནས”ཞིབ་བཤེར་ཚོད་འཛིན་བྱེད་པའི་ལམ་སྲོལ་གསར་པ་ལག་བསྟར་བྱས་ཏེ་དུས་ཚིགས་དང་པོར་ལག་བསྟར་གྱོད་གཞི་ཁག་992གསར་དུ་བདག་སྤྲོད་བྱས་པར་ཁག་295ནུས་ལྡན་ངང་ཞིབ་གཅོད་བྱས་པར་ལག་བསྟར་བྱེད་ཚད་30%ཟིན་པ་རེད།

    《ཞིང་ཆེན་མན་གྱི་མི་དམངས་ཁྲིམས་ཁང་ནང་བཙུགས་པའི་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་ཇུས་གཞིའི》བླང་བྱ་གཞིར་བཟུང་། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས《ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་སྒྲིག་གཞི་ལག་བསྟར་ཇུས་གཞི》བཟོས་ཏེ་དེ་སྔའི་ནང་ཁུལ་གྱི་སྒྲིག་གཞི་13དེ་དག་གྱོད་དོན་ཐོ་འགོད་ཁྲིམས་ར་དང་། ཉེས་དོན་འདྲི་གཅོད་ཁྲིམས་ར། དམངས་དོན་འདྲི་གཅོད་ཁྲིམས་ར། ཕྱོགས་བསྡུས་ཁྲིམས་ར་དང་པོ། ཕྱོགས་བསྡུས་ཁྲིམས་ར་གཉིས་པ། ལག་བསྟར་ཅུས། ཆབ་སྲིད་ལས་དོན་ཁོའོ། ཕྱོགས་བསྡུས་གཞུང་དོན་ཁང་། ཁྲིམས་ཉེན་རུ་ཆེན། ཞིབ་འཇུག་ཁང་སོགས་སྡེ་ཚན་10ལ་བསྡུ་སྒྲིལ་བཏང་བ་དང་། ད་ཆ་ནང་ཁུལ་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ནས་མཆན་བཀོད་བཀའ་ལན་འབྱོར་རྗེས་ལག་བསྟར་བྱེད་མཁན་རེད།

    དེ་དང་དུས་མཚུངས། དེ་སྔའི“འཁོར་ཐོག་སྐོར་སྐྱོད་ཁྲིམས་ཁང”གིས་སྐོར་སྐྱོད་གྱོད་གཞི་སྒྲུབ་པའི་རྨང་གཞིའི་ཐོག་ཁྲེང་ཀོན་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི“ཁྲིམས་དཔོན་དང་ཞིབ་དཔྱད་དཔོན་གྱིས་གྲོང་ཚོ(སྡེ་ཁུལ)དང་འབྲེལ་གཏུག་ཀྱི་ཁྲིམས་སྐྱོང་ཞབས་ཞུའི་ཆེད་མིའི”བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། ད་ཆ་ལག་བསྟར་ཇུས་གཞི་བཟོས་ཟིན་པ་དང་གོམ་སྟབས་རྗེས་མར་ཇུས་གཞི་ལྟར་ཁང་ཡོངས་ཀྱི་ཁྲིམས་དཔོན་52སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དུ་ཁྲིམས་ལུགས་ཞབས་འདེགས་ཀྱི་ལས་དོན་སྤེལ་མཁན་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།