[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་ཉིད་ཀྱི་དུས་ཆེན་དགའ་གཏོང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-02

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུས་པ་དང་། རྒྱ་ཆེའི་ཡར་ལངས་ཞིང་བྲན་དང་དེའི་མི་རབས་རྗེས་མས་སེམས་འགུལ་ཚད་མེད་ཐེབས་པའི་སྒོ་ནས་རང་ཉིད་ཀྱི་དུས་ཆེན་དགའ་གཏོང་བྱེད་ཅིང་།

    607242_yis_1553798765578.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞོལ་ཁང་སྡེ་ཁུལ་གྱི་མང་ཚོགས་ཚོས་བོད་གསར་རྙིང་གི་པར་རིས་འགྲེམས་སྟོན་ལ་བལྟས་ཏེ་བོད་རྙིང་པའི་མུན་ནག་གདུག་རྩུབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འགྱུར་ལྡོག་ཆེན་པོར་ཤེས་རྟོགས་བྱེད་བཞིན་པ།

    607241_yis_1553798764891.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གཉའ་ནང་གྲོང་རྡལ་གཙང་སྟོད་གྲོང་ཚོས་རྒྱལ་དར་གསར་རྙིང་བརྗེ་བའི་བྱེད་སྒོ་སྤེལ་ཏེ་མང་ཚོགས་དུད་ཚང་63ལ་རྒྱལ་དར་གསར་པ་63སྤྲད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་སྔར་བས་ཆེ་རུ་བཏང་ཡོད།

    607243_yis_1553798766482.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་གྲོང་མིས་གྲོང་ཚོ་དེ་གའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་བཞིན་པ།

    607178_yis_1553793664562.jpg

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའིརིག་རྩལ་འཁྲབ་སྟོན་བྱས་ཤིང་། འདི་ནི་རྒན་ཡོལ་ཞུས་པའི་མི་སྣས་ཞབས་བྲོ《མའོ་ཀྲུའུ་ཞིའི་འོད་ཟེར》ཞེས་པ་འཁྲབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།