[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉིང་ཁྲི་ཁྲལ་དོན་ཞིབ་བཤེར་ཅུས་ཀྱིས།

    ཁྲིམས་སྐྱོང་ལ་ཤུཌ་སྣོན་བརྒྱབ་ནས་ཁྲིམས་འཛིན་ཉེན་ཁར་དོཌ་ཟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    འདི་ལོ་ཤར་ཚུན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཞིབ་བཤེར་ཅུས་ཀྱིས་ཁྲིམས་སྐྱོང་ལས་དོན་བརྟན་པོའི་ངང་སྤེལ་རྒྱུ་འགོ་འཛུགས་སར་བྱས་ཏེ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཁྲལ་དོན་ཞིབ་བཤེར་གྱི་ཁྲིམས་འཛིན་ཉེན་ཁར་དོགས་ཟོན་བྱས་ནས་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོ་རུ་བཏང་བ་རེད།

    ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཞིབ་བཤེར་ཅུས་ཀྱིས་དུས་བཀག་ཐོག་ལས་སྒོ་གསོ་སྦྱོང་བྱས་ཏེ་ཞིབ་བཤེར་ལས་སྒོའི་རྐང་འཛིན་པས་རེས་མོས་ཀྱིས་སློབ་ཚན་འཁྲིད་པ་དང《ཁྲལ་དོན་ཞིབ་བཤེར་ལས་ཀའི་སྒྲིག་སྲོལ》དང《རྒྱལ་ཡོངས་ཀྱི་ཁྲལ་དོན་ཞིབ་བཤེར་ཚད་ལྡན》(པར་མ་1.0)ལ་གསལ་འགྲེལ་བྱས་ནས་ཞིབ་བཤེར་ལས་བྱེད་པའི་དཔུང་ཁག་གི་ལས་སྒོའི་འཇོན་ཐང་ཆེར་གཏོང་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    གྲངས་གཞིའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དཔང་རྟགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཞིབ་བཤེར་ཅུས་ཀྱིས་ཞིབ་བཤེར་ལས་བྱེད་པའི་དཔང་རྟགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་གྱོད་གཞིར་ཞིབ་བཤེར་བྱེད་པའི་དཔང་རྟགས་འཚོལ་བསྡུ་དང་། ཞིབ་བཤེར། བེད་སྤྱོད་བཅས་བྱ་རྒྱུ་དེ་ཁྲིམས་འཛིན་ཉེན་ཁར་དོགས་ཟོན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད།

    ཁྲིམས་འཛིན་ཡིག་ཆ་ཚད་ལྡན་བཟོས་ནས་ཁྲིམས་འཛིན་ཆུ་ཚད་མཐོ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཞིབ་བཤེར་ཅུས་ཀྱིས་ཞིབ་བཤེར་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས། ཞིབ་བཤེར་ལས་དོན་ཁྲོད་འཕྲད་པའི་ཡིག་ཆ་རིགས་125གསེད་བཀྲོལ་བྱས་ནས་རྒྱུན་སྤྱོད་ཁྲིམས་འཛིན་ཡིག་ཆའི་བེད་སྤྱོད་ཁྱབ་ཁོངས་དང་། དེ་བཟོ་བའི་བླང་བྱ། དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ལ་གསལ་འགྲེལ་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཞིབ་བཤེར་ཅུས་ཀྱིས་གྱོད་གཞི་ཞིབ་བཤེར་ཐག་གཅོད་ལས་དོན་གྱི་གསང་སྲུང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཞིབ་བཤེར་བྱེད་སྐབས་འཕྲད་པའི་གནད་དོན་ལ་གཅིག་སྡུད་མཐུན་སྦྱོར་དང་གྲོས་མོལ་ཐག་གཅོད་བྱས་ཏེ། མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དུ་གྱོད་གཞི་ཞིབ་བཤེར་བྱེད་སྐབས་འཕྲད་པའི་གནད་དོན་གྲོས་བསྡུར་མི་བྱེད་པ་དང་ཞིབ་བཤེར་ལས་ཀའི་གསང་བ་ཕྱིར་གྱར་ནས་ཞིབ་བཤེར་ལས་དོན་ལ་ཤུགས་རྐྱེན་ངན་པ་བཟོ་བའམ་ཡང་ན་ཁྲལ་འཇལ་བའི་དབང་ཆར་གྱོང་གུན་ཕོག་རྒྱུ་གཏན་འགོག་བྱས་ནས་ཁྲིམས་འཛིན་ཉེན་ཁ་ནུས་ལྡན་ངང་བསལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།