[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས།

    “གཅིག་རེ་གསུམ”གྱི་ཚད་ལྡན་གནད་དོན་གྱི་ཁུངས་སྣེའི་ཐག་གཅོད་ལས་དོན་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

     འདི་ལོ་ཚུན། ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས་གནད་དོན་ཁུངས་སྣེའི་ཐག་གཅོད་ཀྱི་འགག་རྩར་དམ་པོར་དམིགས་ནས། གནད་དོན་ཁུངས་སྣེའི་ཐག་གཅོད་ཀྱི་བརྒྱུད་རིམ་དང་དོ་དམ་ཚད་གཞི་རིམ་གྱིས་འཐུས་སྒོ་ཚང་དུ་བཏང་ཡོད།

    ཁོངས་གཏོགས་དོ་དམ་གཅིག་གྱུར་ཡོང་བ་བྱས་ཤིང་། ཡིག་བསྐུར་ངོ་བཅར་ཐེར་འདོན་དང་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་སོགས་ཀྱི་ཚན་པར་བརྒྱུད་སྐྱེལ། གོང་རིམ་གྱི་ལས་ཁུངས་ལ་རྩིས་སྤྲད་པ། ལྟ་སྐུལ་ཞིབ་བཤེར། སྒྲིག་ཁྲིམས་ཞིབ་བཤེར། སྐོར་དཔྱོད་སོགས་ཀྱི་ཐབས་ལམ་བརྒྱུད། ཤེས་རྟོགས་བྱུང་བའི་གནད་དོན་གྱི་ཁུངས་སྣེ་ཚང་མ་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་དུ་ཁོངས་གཏོགས་དོ་དམ་བྱེད་པར་གཅིག་སྡུད་དང་། ཐག་གཅོད་བསམ་འཆར་དང་གྲོས་འགོ་བཏོན་ནས“ཕྱོགས་མང་བརྒྱུད་སྐྱེལ་དང་ཁེར་རྐྱང་དོ་དམ”མངོན་འགྱུར་བྱུང་སྟེ་གནད་དོན་གྱི་ཁུངས་སྣེའི་ཐག་གཅོད་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱས་ཡོད།

    ལམ་ལུགས་གཅིག་བཙུགས་ཤིང་། 《ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་གནད་དོན་ཁུངས་སྣེའི་ཐག་གཅོད་ཚད་གཞི(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་ཏེ། གནད་དོན་གྱི་ཁུངས་སྣེ་ཐག་གཅོད་དང་བརྒྱུད་སྐྱེལ་སོགས་ཀྱི་བརྒྱུད་རིམ་ལ་གཏན་འབེབས་བྱས་པ་དང་བདག་སྤྲོད་བླང་བྱ་དང་དུས་ཚད་ཁ་གསལ་བཟོས་ཏེ་གནད་དོན་གྱི་ཁུངས་སྣེ་བརླགས་པ་དང་། དུས་ཚོད་འགྱངས་ནས་བདག་སྤྲོད་མ་བྱས་པ། རང་དགར་ཐག་གཅོད་བཅས་བྱ་རྒྱུ་འགོག་ཡོད།

    རྩིས་ཁྲ་འཐུས་ཚང་དུ་བཏང་ཞིང་། གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གིས་ཆེད་མི་གཏན་འཁེལ་བྱས་ཏེ། དང་ལེན་དང་ཐོ་འགོད་སོགས་ཀྱི་ལས་ཀའི་འགན་འཁུར་དུ་བཅུག་པ་དང་། གནད་དོན་གྱི་ཁུངས་སྣེའི་ཡོང་ཁུངས་དང་། ངོ་བོ། ཐག་གཅོད་བྱེད་སྟངས། ཛ་དྲག་བརྒྱུད་རིམ་སོགས་ལ་གཞིགས་ནས་རིགས་དབྱེ་ཐོ་འགོད་ཀྱིས་འཐུས་ཚང་གི་གནད་དོན་ཁུངས་སྣེའི་དོ་དམ་རྩིས་ཁྲ་ཞིག་བཟོས་པ་དང་། ཡོང་ཁུངས་དང་ནང་དོན་སོགས་ཀྱི་བརྒྱུད་རིམ་ནས་འགུལ་རྣམ་གསར་བརྗེ་བྱས་པ་དང་དུས་ངེས་མེད་ནང་རྫོང(ཆུས)སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། ཡིག་བསྐུར་ངོ་བཅར་ཁང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་བཤེར་ཁང་། ཏང་སྲོལ་ཁང་། འདྲི་ཞིབ་ཁང་སོགས་དང་མཐུན་སྦྱོར་བྱས་ཏེ། གནད་དོན་གྱི་ཁུངས་སྣེར་ཞིབ་དཔྱད་བྱས་ནས་གནད་དོན་གྱི་ཁུངས་སྣེ་དོ་དམ་ཚད་ལྡན་དང་ཕུགས་ལ་ཕན་པའི་འགན་ལེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།