[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲེང་ཀོན་ཆུས་ཀྱི་སྡེ་ཚན་མང་པོས།

    ཚ་ལ་རྒྱག་མཁན་དང་ཧ་ཡང་ལྕགས་བསྲེས་མའི་ལས་སྣོན་ཁྲོམ་ར་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

    ཟླ་8ཚེས་31ཉིན་ནས་བཟུང་། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་གྲོང་ཤར་རུ་ཆེན་གྱི་རུ་མི་སྒྲིག་འཛུགས་བྱས་ཏེ་རྔ་ཆེན་ལམ་དང་། ཀརྨ་དགོན་གསར་ལམ། ཁྲེང་ཀོན་ལྡུམ་ར། སློབ་གསོའི་གྲོང་། གྲོང་སྐོར་ལམ་སོགས་ཀྱི་གཙོ་གནད་ས་ཆའི་ཚ་ལ་རྒྱག་མཁན་དང་ཧ་ཡང་ལྕགས་བསྲེས་མའི་ལས་སྣོན་ཁྲོམ་རར་བཅོས་སྒྲིག་ལས་དོན་སྤེལ་ཞིང་། མིག་སྔའི་བར། གླེང་མོལ་བརྡ་ཐོའི་ཡི་གེ་56སྤྲད་པ་དང་། ཚོང་ཁང་ཕྱིའི་ལས་སྣོན་དངོས་རྫས་200ལྷག་གནས་སྐབས་གཞུང་གཞེས་བཏང་བ། བཟོ་ཚོང་སྡེ་ཚན་གྱིས་ལས་སྣོན་ཚོང་ཁང་18སྒོ་ཐེལ་བརྒྱབ་པ། ལས་སྣོན་ཚོང་ཁང་74གཙང་སེལ་བཅས་བྱས་པ་རེད།

    ཚ་ལའི་འཛེར་སྒྲས་གྲོང་མིར་སུན་པོ་བཟོས་པ།

    གྲོང་ཁྱེར་འཕེལ་རྒྱས་གཏོང་དགོས་ན། རང་བྱུང་ལ་བརྩི་སྲུང་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ཏེ་འཛེར་སྒྲའི་སྦགས་བཙོག་ཚུད་པའི་ཁོར་ཡུག་སྦགས་བཙོག་ཉུང་དུ་གཏོང་དགོས། དེ་ཡང་འཛེར་སྒྲའི་སྦགས་བཙོག་ཡོང་ཁུངས་ཧ་ཅང་མང་བ་སྟེ། དཔེར་ན། ཚ་ལའི་ལས་སྣོན་དང་། ལས་གྲྭ་འཛུགས་སྐྲུན། ཚོང་ལས་འཁྲབ་སྟོན། བརྡ་ཆ་དྲིལ་བསྒྲགས་སོགས་རེད། འཛེར་སྒྲའི་སྦགས་བཙོག་དེ་དག་གིས་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཐད་ཀར་ཤུགས་རྐྱེན་བཟོ་གི་ཡོད།

    ལྷ་སར་མཐའ་འཁོར་གྱི་གྲོང་གསེབ་ཡིན་ནའང་འདྲ་ཡང་ན་གྲོང་ཁུལ་གང་ཞིག་ཏུ་ཡིན་རུང་། ལས་སྣོན་ཡོ་བྱད་གང་བྱུང་དུ་བཞག་པ་དང་རང་དགར་ལས་སྣོན་བྱས་ནས་མེ་ཙག་འཐོར་བའི་ཚ་ལ་རྒྱག་མཁན་གྱི་ལས་སྣོན་ཚོང་ཁང་གང་སར་མཐོང་རྒྱུ་ཡོད། གྲོང་མི་བཀྲ་ཤིས་ཀྱིས་གསར་འགོད་པར“དུས་རྒྱུན་ངས་ཚ་མོ་ཁྲིད་དེ་ཉེ་འཁོར་ལ་འཆམ་འཆམ་དུ་འགྲོ་སྐབས་། ཚ་ལའི་ལས་སྣོན་ཚོང་ཁང་རྦད་དེ་གཡོལ་ནས་འགྲོ་གི་ཡོད། གང་ལགས་ཤེ་ན། ཚ་ལ་རྒྱག་སྐབས་ཀྱི་མེ་ཙག་དེས་མིག་ན་བ་མ་ཟད། དྲི་མ་ཡང་ཧ་ཅང་ངར་བས་སྣ་ཁུག་ལ་ཚ་ཤུར་རྒྱག་གི་འདུག”ཅེས་བཤད་བྱུང་།

    ཉེ་ཆར། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཁྲེང་ཀོན་ཆུས་བཟོ་ཚོང་ཅུས་དང་། ལྗོངས་སྤྱི་བདེ་ཅུས། ལྗོངས་ཚོང་དོན་ཅུས་སོགས་སྡེ་ཚན་མང་པོ་དང་མཉམ་དུ་ཚ་ལ་རྒྱག་མཁན་དང་ཧ་ཡང་ལྕགས་བསྲེས་མའི་ལས་སྣོན་ཁྲོམ་ར་བཅོས་སྒྲིག་བྱས་པ་རེད།

    ལས་རེས་སྡོད་བྱ་བཟོས་ཏེ་ཞིབ་བཤེར་ནན་པོ་བྱས་པ།

    ཟླ་8ཚེས་31ཉིན་ནས་བཟུང་། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་གྲོང་ཤར་རུ་ཆེན་གྱི་རུ་མི་སྒྲིག་འཛུཌ་བྱས་ཏེ་རུ་ཆེན་ཁག་དང་ཅུས་ལས་ཁུངས་ནས་ཁྲིམས་འཛིན་མི་སྣ་37ཟུར་འཐེན་གྱིས་རྔ་ཆེན་ལམ་དང་། ཀརྨ་དགོན་གསར་ལམ། ཁྲེང་ཀོན་ལྡུམ་ར། སློབ་གསོ་གྲོང་། སྐོར་གསུམ་ལམ་སོཌ་ཀྱི་གཙོ་གནད་ས་ཆར་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

    ཁྲིམས་འཛིན་མི་སྣས་ཚ་ལའི་ལས་སྣོན་ཁྲོམ་རའི་ས་གནས་ས་ཐོག་ཏུ་མཐིལ་རྟོགས་ཞིབ་བཤེར་བྱས་ཏེ་ཚོང་ཁང་ཚང་མའི་གཉེར་སྐྱོང་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་མ་ཟད། ད་དུང་གཉེར་སྐྱོང་དུད་ཚང་ལ་འབྲེལ་ཡོད་ཁྲིམས་སྲོལ་སྲིད་ཇུས་དྲིལ་བསྒྲགས་ཀྱང་བྱས་ནས་སྒྲིག་འགལ་གཉེར་སྐྱོང་དུད་ཚང་ལ་བཅོས་སྒྲིག་བརྡ་ཐོའི་ཡི་གེ་སྤྲད་པ་མ་ཟད། ཚོང་ཁང་ཕྱིའི་ལས་སྣོན་དངོས་རྫས་གནས་སྐབས་གཞུང་གཞེས་བཏང་ནས་དག་ཐེར་བྱེད་དགོས་པའི་རེ་བ་བཏོན་པ་དང་། འབྲེལ་གཏུག་བྱེད་མ་ཐུབ་པའི་ཚོང་ཁང་ལ་བཟོ་ཚོང་སྡེ་ཚན་གྱིས་སྒོ་ཐེལ་བརྒྱབ་པ་རེད། དེ་དང་དུས་མཚུངས། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་དང་ཟུང་འབྲེལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ལམ་བཟུང་གཉེར་སྐྱོང་བྱེད་མཁན་ཁྲེབ་དུད་3ལ་བཅོས་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག ལས་སྒོ་རྒྱུན་གཏན་ངང་གཉེར་རྒྱུ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཉིན་ལྟར་ཞོགས་པའི་ཆུ་ཚོད་9པ་ནས་དགོང་མོའི་ཆུ་ཚོད་8པ་བར། རེས་མོས་སྡོད་བྱ་བཀོད་སྒྲིག་བྱས་ཏེལས་གནས་ཐོག་མི་ཡོད་པའི་འགན་ལེན་ཁར་ཞིབ་བཤེར་ནན་པོ་བྱས་ཏེ་གོང་གི་གནད་དོན་དེ་དག་སླར་ཡང་མི་ཐོན་སྔོན་འགོག་བྱས་པ་རེད།

    མིག་སྔར། འཛེར་སྒྲའི་ཡོང་ཁུངས་དེ་དག་ཚོད་འཛིན་ནུས་ལྡན་ཐུབ་ཅིང་། གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱིས་ཕུགས་ཕན་དོ་དམ་ལམ་སྲོལ་བཙུཌ་ནས་བཅོས་སྒྲིག་དང་གཙང་སེལ་བྱས་ཟིན་པའི་ཡུག་ཁུལ་ལ་དོ་དམ་དང་ལྟ་སྐུལ་བྱ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་འབྲེལ། གནས་ཚུལ་ཡོད་པ་ཤེས་རྟོཌ་བྱུང་འཕྲལ་ལམ་གསེང་ཐག་གཅོད་བྱས་ནས་ཁྲེང་ཀོན་ཆུས་ཀྱི་གྲོང་ཁྱེར་རྣམ་པ་གསར་རྐྱང་གཏོད་ཆེད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན་པ་རེད།

    xuwt8956_b.jpg

    འདི་ནི་ཁྲེང་ཀོན་ཆུས་ཀྱི་སྡེ་ཚན་མང་པོས་ཚ་ལའི་ལས་སྣོན་ཁྲོམ་ར་བཅོས་སྒྲིག་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།