[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་ལྗོངས་ཀྱིས་སྐབས་དང་པོའི་འདྲི་གཅོད་རིཌ་གཅིག་མཁས་ཅན་20བདམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    2017ལོར། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ཀྲུང་དབྱང་གི་ཤེས་ལྡན་མི་སྣ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ《2013ནས་2017ལོ་བར་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད》དང་། ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ཏེ་མཐོ་རིམ་ཤེས་ལྡན་མི་སྣའི་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་འདྲི་གཅོད་ལས་སྒོའི་རིགས་གཅིག་མཁས་ཅན་དཔྱད་འདེམས་བྱེད་སྒོ་སྐབས་དང་པོ་དེ་སྤེལ་བ་རེད། དཔྱད་འདེམས་ནན་པོ་བྱས་པ་བརྒྱུད། 2018ལོའི་ཟླ་2ཚེས་6ཉིན། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་བློ་མཐུན་20ལ་སྐབས་དང་པོའི“བོད་རང་སྐྱོང་ལྗོངས་ཀྱི་འདྲི་གཅོད་ལས་སྒོའི་རིགས་གཅིག་མཁས་ཅན”གྱི་མཚན་སྙན་སྤྲོད་རྒྱུའི་ཐག་བཅད་པ་རེད།

    སྐབས་དང་པོའི“བོད་རང་སྐྱོང་ལྗོངས་ཀྱི་འདྲི་གཅོད་ལས་སྒོའི་རིགས་གཅིག་མཁས་ཅན”20དེ་དག་ནི་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒྲོལ་དཀར་དང་། སྐལ་བཟང་དབང་མོ། བསྟན་སྒྲོན། བློ་གསལ་རྒྱ་མཚོ། མོའུ་ཆང་བཅས་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལིའུ་ལིན་དང་། ཚེ་རིང་ཕུན་ཚོགས། བདེ་སྐྱིད་སྒྲོལ་དཀར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཅང་ལི། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བདེ་སྐྱིད་གཡུ་སྒྲོན་དང་ཡེ་ཤེས་རྡོ་རྗེ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་འཛོམས་སྐྱིད། རྒྱ་ཚྭ་རྫོང་མི་དམངས་ཁྲིམས་ཁང་གི་ཚེ་རིང་ནོར་བུ། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མཚོ་མོ། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲེན་ཡུན་ཅན་དང་། ཀྲང་ཝུའེ་ལའེ། ཝང་ཀྲེ་ཡུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་ཁྲིམས་ཁང་གི་ཡང་ཙོའུ་རུང་། དཔལ་འབར་རྫོང་མི་དམངས་ཁྲིམས་ཁང་གི་བློ་བཟང་བཀྲ་ཤིས། ནག་ཆུ་རྫོང་མི་དམངས་ཁྲིམས་ཁང་གི་ཏའེ་ཤིན་ཧྭ་བཅས་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།