[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་ཁུལ་ཁོངས་ཀྱི“བཙོག་ཟིང་ཞན”གསུམ་གྱི་སྣང་ཚུལ་ལ་གཅིག་སྡུད་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    liy8353.jpg

    ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅི་ཏཱ་ཁོར་ཡུག་སྲུང་སྐྱོང་འཕྲོད་བསྟེན་ཚད་ཡོད་ཀུང་སིས་གཞི་རིམ་གྱི་ཁོར་ཡུག་འཕྲོད་བསྟེན་ལས་དོན་མི་སྣ་10དང་གད་སྙིགས་ཏུན་8གཤོང་བའི་རླངས་འཁོར་གཉིས་སྒྲིག་འཛུགས་བྱས་ཏེ་དཔལ་སྡིངས་གྲོང་ཚོའི་ལྷ་ཉིང་བརྟག་ཞིབ་ཞིབ་བཤེར་ས་ཚིགས་མཐའ་འཁོར་གྱི་ཐང་སྟོང་དུ་བསྐྱོད་ནས་དེ་ཁུལ་གྱི་ཨར་སྐྲུན་གྱི་གད་སྙིགས་དང་འཚོ་བའི་གད་སྙིགས་གཅིག་སྡུད་ཐོག་གཙང་འཕྱག་བྱས་པ་རེད། ཁྱོན་ཆུ་ཚོད་6ནང་གད་སྙིགས་ཏུན་4ཙམ་གཙང་འཕྱག་བྱས་པ་རེད།

    དེ་ཉིན་ཀུང་སི་དེ་དང་དོག་སྡེ་ཤང་དུ་བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་གྲོས་བསྡུར་བྱས་པ་བརྒྱུད། དམག་དཔུང་ནས་མི་180དང་ཀུང་སི་ནས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་20འཐེན་པ་དང་ཏུན་8ཀྱི་གད་སྙིགས་གཤོང་བའི་རླངས་འཁོར་གསུམ་བཏང་སྟེ་དོག་སྡེ་ཤང་ཡུལ་དམག་སྦྱོང་བརྡར་ཐང་རྒྱབ་ངོས་ཐང་སྟོང་གི་གད་སྙིགས་གཙང་འཕྱག་བྱས་པ་རེད། ཆུ་ཚོད་5ནང་ཁྱོན་གད་སྙིགས་ཏུན་བརྒྱད་ལྷག་ཙམ་དབོར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།