[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའ་སྨན་རྫས་ལྟ་སྐུལ་རམ་འདེགས་དོ་དམ་པའི་དཔུང་ཁག་བཙུགས་པ།

    རམ་འདེགས་དོ་དམ་པས་དུས་ངེས་མེད་ལ་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    liy8358.jpg

    གྲོང་མིའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་ཆེད། ན་ནིང་ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་ཐེམ་ཁུངས་ཁྲེང་ཀོན་ཆུས་ནས་ཡིན་པའི་བཟའ་བཅའ་སྨན་རྫས་ཀྱི་ལྟ་སྐུལ་རམ་འདེགས་དོ་དམ་པ་91བསྡུས་པས་གྲོང་མིའི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཐད་སྔར་བས་འགན་ལེན་ཐུབ་ཡོད། བཟའ་བཅའི་བདེ་འཇགས་སྔར་བས་ཚད་ལྡན་དུ་གཏོང་ཆེད། འདི་ལོ་ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཤང(ཁྲོམ་གཞུང)དུ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་པའི་གཞུང་ལས་ཁང་བཙུགས་པ་མ་ཟད། ཁོངས་གཏོགས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་རམ་འདེགས་དོ་དམ་པ་6ནས་9བར་གཤམ་གཏོང་བྱས་ཡོད།

    ན་ནིང་རམ་འདེགས་དོ་དམ་པ་91བསྡུས་ནས་གྲོང་མིའི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱས་པ།

    བཟའ་བཅའ་དང་སྨན་རྫས་བདེ་འཇགས་ནི་གྲོང་མིའི་ཚེ་སྲོག་གི་བདེ་ཐང་དང་འབྲེལ་བ་ཡོད་ལ་སྔར་ནས་བཟུང་གྲོང་མིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཀྱང་ཡིན། ཁྲེང་ཀོན་ཆུས་སུ་བཟའ་བཏུང་དང་འགྲོ་རྒྱུག་ཚོང་གཉེར་ཚན་པ་80%ཡན་ནི་བཟའ་བཏུང་སྡེ་ཚན་ཆུང་གྲས་རིགས་ཡིན་པས་ཟོག་འདྲེན་ཞིབ་བཤེར་སོགས་ལམ་ལུགས་དོན་ཐོག་ཏུ་མི་འཁྱོལ་བ་དང་གཉེར་སྐྱོང་ཆ་རྐྱེན་མི་འདང་བ་སོགས་ཀྱི་སྣང་ཚུལ་ཡོངས་ཁྱབ་ངང་གནས་པས་དོ་དམ་བྱེད་ཁག་ཏུ་ཕྱིན་ཡོད། བཟའ་བཅའ་སྨན་རྫས་བདེ་འཇགས་ཀྱི་འགན་འཁྲི་ཨང་དང་པོ་འཁུར་མཁན་འདུ་ཤེས་ཞན་པས་བཟའ་བཅའ་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁ་ནུས་ལྡན་ངང་དོགས་ཟོན་བྱེད་མི་ཐུབ་པ་དང་། འཛུགས་སྐྲུན་ལས་ཡུལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེ་བ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ཁྱབ་རྒྱ་དང་གཏིང་ཤུགས་ཆེན་པོ་མེད་པས་སྤྱི་ཚོགས་ཡོངས་ཀྱི་བཟའ་བཅའ་སྨན་རྫས་བདེ་འཇགས་ཀྱི་རང་ངོས་སྲུང་སྐྱོང་འདུ་ཤེས་ཞན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་བཟའ་བཅའ་སྨན་རྫས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་སྤེལ་བར་དཀའ་ངལ་འཕྲད་ཡོད།

    རྒྱ་ཆེའི་གྲོང་མིའི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ན་ནིང་གི་ཟླ་11པའི་ཟླ་འགོར། ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤྱི་ཚོགས་ཐོག་ཐེམ་ཁུངས་ཁྲེང་ཀོན་ཆུས་ནས་ཡིན་པའི་བཟའ་བཅའ་སྨན་རྫས་ལྟ་སྐུལ་རམ་འདེགས་དོ་དམ་པ་91བསྡུས་ནས་གྲོང་མིའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་སྔར་བས་འགན་ལེན་ཐུབ་པ་བྱས་ཡོད།

    འདི་ལོ་ཁོངས་གཏོགས་ཁག་ཏུ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་པའི་གཞུང་ལས་ཁང་བཙུགས་པ།

    འདི་ལོ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བཟའ་བཅའི་བདེ་འཇགས་སྔར་བས་དོ་དམ་དང་འགན་ལེན་ཚད་ལྡན་ཡོང་ཆེད། ཁྲེང་ཀོན་ཆུས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཤང(ཁྲོམ་གཞུང)ཁག་ཏུ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་གྱི་གཞུང་ལས་ཁང་བཙུགས་ཡོད།

    གསར་འགོད་པར་ཤེས་རྟོཌ་བྱུང་གསལ། ཁོངས་གཏོགས་ཁུལ་སོ་སོའི་དོན་དངོས་གནས་ཚུལ་ལ་གཞིགས་ནས། རམ་འདེགས་དོ་དམ་པ་6ནས་9བར་མང་དུ་བཏང་ཡོད། རམ་འདེགས་དོ་དམ་པ་དེ་དག་གིས་ཁོངས་གཏོགས་ཁུལ་གྱི་བཀོད་སྒྲིག་གཞིར་བཟུང་དུས་ངེས་མེད་ལ་སྐོར་གཡེང་བྱེད་ཀྱི་ཡོད། མིག་སྔར་དོ་དམ་སྔར་བས་ཞིབ་ཕྲ་དང་ཚད་ལྡན་དུ་གཏོང་ཆེད། ཁོངས་གཏོགས་ཁུལ་གྱིས་ཟ་ཁང་ལ་མཐིལ་རྟོགས་ལས་དོན་སྤེལ་ཞིང་། ལས་དོན་མི་སྣས“ཟ་ཁང་ལ་ཞིབ་བཤེར་བྱེད་རིང་རམ་འདེགས་དོ་དམ་པས་དུས་མཚུངས་སུ་ཁྲོམ་རར་ཡང་སྐོར་གཡེང་ཞིབ་བཤེར་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་བྱེད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱས་ནས་གྲོང་མིའི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།