[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོའི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཨང་རྟགས་ཁྲི་ལྔ་གྲངས་རྫིང་དུ་བླུགས་ནས“འབྲེལ་བའི་ཨང་་རྟགས”དང“ངོ་སོའི་ཨང་རྟགས”གཏན་འགོག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-16

    图为昌都市民在交警协助下通过网上系统选号。张黎黎_s.jpg

    “རྒྱལ་ཡོངས་ཀྱི་གཅིག་གྱུར་འཁོར་རྟགས་རང་འདེམས་མ་ལག”སྤྱོད་འགོ་ཚུགས་ཚུན། འཁོར་བདག་ཚང་མས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་ཡོད་ཚད་གྲངས་རྫིང་གཅིག་ནས་སོ་སོའི་འདོད་བློ་དང་མཐུན་པའི་འཕྲུལ་འཁོར་ཨང་རྟགས་འདེམས་ཀྱི་ཡོད། དེ་ལས་དྲང་གཞག་དང་འདྲ་མཉམ་མངོན་ལ་རྒྱ་ཆེའི་འཁོར་བདག་ཚོས་འདེམས་རུང་བའི་ཁྱབ་ཁོངས་ཀྱང་ཆེ་རུ་སོང་བ་མ་ཟད། ཨང་རྟགས་ཁྲིམས་འགལ་ངང་སྤྲོད་པ་དང“འབྲེལ་བའི་ཨང་རྟགས”དང“ངོ་སོའི་ཨང་རྟགས”སྤྲོད་པའི་གནས་ཚུལ་རྩ་བའི་ཆ་ནས་སྔོན་འགོག་ཐུབ་ལ་རྒྱ་ཆེའི་འཕྲུལ་སྒུལ་འཁོར་རིགས་ཀྱི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། འདི་ནི་གྲོང་མིས་མི་དམངས་ཉེན་རྟོག་པའི་གཞོགས་འདེགས་འོག་ཨང་རྟགས་འདེམས་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།