[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲིམས་དང་མཉམ་དུ་སྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-26

    yuanhx7c200.jpg

    ཉེ་ཆར། ལྷ་ས་SOSབྱིས་པའི་གྲོང་ཚོས་གྲོང་ཚོ་དེའི་སློབ་འབྲིང་སློབ་མ་24སྒྲིག་འཛུགས་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་དུ་བསྐྱོད་དེ་ཁྲིམས་རར་ལྟ་སྐོར་དང་། བཅའ་ཁྲིམས་བློ་འདྲི། འཆད་ཁྲིད་ཉན་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཁྲིམས་ལུགས་སློབ་གསོ་དང་ལེན་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་སློབ་མ་ཚོས་དེ་ནི་གསོན་ཉམས་ལྡན་པའི་བཅའ་ཁྲིམས་འཆད་ཁྲིད་ཅིག་ཡིན་པས་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ངེས་པར་དུ་ཁྲིམས་ཤེས་པ་དང་ཁྲིམས་སྲུང་མཁན་གྱི་ཕྲུ་གུ་ཡག་པོ་དང་། སློབ་མ་ཡག་པོ། སྤྱི་དམངས་ཡག་པོ་བཅས་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་ཅིང་། འདི་ནི་ཁྲིམས་དཔོན་གྱི་སྣེ་ཁྲིད་འོག་སློབ་མ་ཚོས་ཁྲིམས་ཁང་དེའི་ཏང་ཡོན་གྱི་བྱེད་སྒོ་ཁང་དང་ཁྲིམས་རར་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།