[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>གནའ་དེང་གླེང་བ།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས“དབུལ་པོ་ཉུང་གཏོང་གི་གསར་གཏོད”ཉམས་མྱོང་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-29

    ཤིན་ཧྭ་གསར་འགྱུར་ཁང་ཁམ་ཕུ་ཁྲེའི་གྲོང་ཁྱེར་ཤན་ལི་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ནས་27ཉིན་བར། སྐབས་རེ་གཅིག་པའི་ཀྲུང་གོ——ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་གླེང་སྟེགས་ཁམ་ཕུའུ་ཁྲེའི་གྲོང་ཁྱེར་ཤན་ལི་རུ་གཉེར་བ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོའི“དབུལ་པོ་ཉུང་གཏོང་གི་གསར་གཏོད”འདུ་ཤེས་དང་ལག་ལེན་ཉམས་མྱོང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ་དེ་རེད།

    གླེང་སྟེགས་ཀྱི་སྤེལ་རེས་བརྒྱུད་རིམ་ནང་། ཇི་ལྟར་བྱས་ནས་དྲ་སྦྲེལ་སྤྱད་དེ་དབུལ་པོ་ཉུང་གཏོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཚོགས་ཞུགས་པ་ཚོའི་གཙོ་གནད་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་པ་རེད། གཉེར་སྐྱོང་བྱས་ནས་ལོ་གཅིག་ལྷག་ཙམ་སོང་བའི་ལྷོ་ལྷོ་མཉམ་ལས་ཀྱི་དབུལ་ཕོངས་ཉུང་གཏོང་ཤེས་བྱ་མཉམ་སྤྱོད་དྲ་ཚུགས་ནི་དཔེ་མཚོན་ཡག་པོ་ཞིག་ཡིན་པ་དང་། སྤྱོད་མཁན་ཚོས་ཚང་མ་དབྱིན་ཡིག་ཡིན་པའི་དྲ་ཚུགས་དེའི་ཐོག་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་དང་རྒྱལ་ཁབ་ཁག་གཅིག་གི་ཞིབ་ཕྲའི་བྱ་ཐབས་ལྟ་ཐུབ་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རང་ཉིད་ཀྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

    དྲ་ཚུགས་དེའི་གཉེར་སྐྱོང་ཕྱོགས་ཀྲུང་གོ་འཕེལ་རྒྱས་གཙོ་ཆེའི་དྲ་ཚུགས་རྒྱལ་སྤྱིའི་མཉམ་ལས་ཀྱི་གཙོ་སྒྲིག་པ་ཅའོ་མོང་གིས་དྲ་ཚུགས་ཀྱི་ཤེས་བྱར་བརྟེན་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་སྤེལ་རེས་ཀྱི་འདུ་ཤེས་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ང་ཚོས་ལྷོ་ལྷོ་མཉམ་ལས་ལ་ཞབས་འདེགས་ཞུ་བའི་དབུལ་སྐྱོར་ཤེས་བྱ་མཉམ་སྤྱོད་ཀྱི་སྟེགས་བུ་བསྐྲུན་ནས་དེ་ཉིད་ཀྲུང་གོ་དང་རྒྱལ་སྤྱིའི་དབུལ་སྐྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་གཅིག་སྡུད་ཐུབ་པའི་ཆ་འཕྲིན་འཚོལ་བསྡུ་ཁུལ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོ་བརྙན་འཕྲིན་བྱ་གཞག་ཚད་ཡོད་ཀུང་སིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི(པེ་ཅིང)རྒྱལ་སྤྱིའི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲོའུ་ཡན་གྱིས། “ཡུལ་སྐོར་དབུལ་སྐྱོར་ནི་ཐོན་ལས་དབུལ་སྐྱོར་དང་གནད་སྨིན་དབུལ་སྐྱོར་གྱི་གྲུབ་ཆའི་ཆ་གལ་ཆེན་ཞིག་རེད། བལྟོས་བཅས་དབུལ་པོ་ཡིན་པའི་ས་ཁུལ་མང་པོ་ཞིག་ལ་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་ཡོད། གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་དྲིལ་བསྒྲགས་ཡག་པོ་བྱས་ནས་གློག་བརྙན་དང་བརྙན་འཕྲིན་པར་ལེན་བྱ་ཡུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་ས་གནས་དེ་ག་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རོགས་རམ་ཡང་བྱེད་ཐུབ”ཅེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་ཧྲུའི་ཁམ་ཕུའུ་ཁྲེའི་རྒྱལ་ཁབ་ཀྱི་ཀྲུའུ་རེན་ཉི་ཁེ·པེ་ལེ་སི་ཕུའུ་ཏེས། དབུལ་པོ་ཉུང་གཏོང་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། ཀྲུང་གོའི་གནད་སྨིན་དབུལ་སྐྱོར་འཐབ་ཇུས་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས། དེ་བཞིན་མི་ཤུགས་ཐོན་ཁུངས་འཕེལ་རྒྱས་བཅས་ཚང་མས་དབུལ་པོ་ཉུང་གཏོང་ལས་དོན་ནང་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་མིག་དཔེ་བསྟན་ནས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ལ་ཉམས་མྱོང་མཉམ་སྤྱོད་བྱེད་ཆོག་གི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།