[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གྲགས་ཅན་མཛེས་ལྗོངས།
  • མི་དམངས་ཤོག་སྒོར་རྒྱབ་ཀྱི་ཡུལ་ལྗོངས་དག་གང་དུ་ཡོད་ཁྱེད་ནས་ཤེས་སམ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-08

    སྒོར་༡

    མི་དམངས་ཤོག་སྒོར་སྒོར་གཅིག་རྒྱབ་ངོས་ཀྱི་མཛེས་ལྗོངས་ནི“ཆུ་གསུམ་ཟླ་གསལ”རེད།


    “ཆུ་གསུམ་ཟླ་གསལ”ནི་ཧང་ཀྲོའུ་ཤིས་ཧུའུ་མཚེའུའི་མཛེས་ལྗོངས་ཤིག་ཡིན་ཅིང་། དེ་ནི་ཤིས་ཧུའུ་མཚེའུའི་གླིང་ཕྲན་ཆེ་ཤོས་ཤིག་ཡིན་པ་དང་། ཡུལ་ལྗོངས་མཛེས་ཤིང་དབེན་པ་ཞིག་ཡོད། ཆུ་གསུམ་ཟླ་གསལ་གྱི་མཛེས་པ་རྒྱལ་ཁབ་ཀུན་ཏུ་སྙན་གྲགས་ཆེ་ཞིང་།  མཚེའུའི་ངོས་སུ་གླིང་ཕྲན་ཡོད་པ་དང་།  གླིང་ཕྲན་ནང་དུ་མཚེའུ་ཡོད་པ།  ལྡུམ་རའི་ནང་དུ་ལྡུམ་ར་ཡོད་པ་སོགས་གོམ་པ་རེ་ལ་མཛེས་ལྗོངས་མི་འདྲ་རེ་ཡོད་པའི་འབྲི་ཆུའི་ལྷོ་རྒྱུད་ཆུ་ངོས་སྒྱུ་རྩལ་གྱི་ཁྱད་ཆོས་ཆེ་མོ་ལྡན་ཡོད།


    སྒོར་༥

    མི་དམངས་ཤོག་སྒོར་སྒོར་ལྔའི་རྒྱབ་ངོས་ཀྱི་མཛེས་ལྗོངས་ནི“རི་བོ་ཐའེ་ཧྲན”རེད།


    “རི་བོ་ཐའེ་ཧྲན”ནི་ཧྲན་ཏུང་ཞིང་ཆེན་ཐའེ་ཨན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་ཡོད་ཅིང་།  འཛམ་གླིང་རིག་གནས་དང་རང་བྱུང་ཁམས་གཉིས་ཀའི་ཤུལ་བཞག་ཡིན་པ་དང་། འཛམ་གླིང་ས་གཤིས་སྤྱི་གླིང་།  རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་བཅས་རེད།  རི་ལྔའི་གཙུག་ཕུད་ནི་རི་བོ་ཐའེ་ཧྲན་གྱི་མིང་གཞན་ཞིག་ཡིན་ཞིང་།  རི་ཆེན་ལྔ་ལས། རི་བོ་ཐའེ་ཧྲན་ནི་མཐོ་ཤོས་མིན་ལ། མཛེས་ཤོས་ཀྱང་མིན། གཡང་གཟར་ཤོས་དེ་བས་མིན། འོན་ཀྱང་རི་བོ་ཐའེ་ཧྲན་ལ་ཀྲུང་གོའི་རི་ཆེན་གྱི་ཨང་དང་པོ་ཞེས་བརྗོད་དོན་ནི་རི་བོ་ཐའེ་ཧྲན་གྱི་རྡོ་བརྐོས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཆུ་རྒྱུན་རིང་མོའི་ལོ་རྒྱུས་བཀོད་ཡོད་ཅིང་། དེས་རྒྱ་རིགས་རིག་གནས་ཀྱི་བསམ་པའི་ཁྱིམ་གཞིས་བཙུགས་ཡོད། མ་གཞི་རི་བོ་ཐའེ་ཧྲན་མཐོ་པོ་མེད་ཀྱང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོད་དུ་གནས་བབ་ངེས་ཅན་ཞིག་བཟུང་ཡོད།


    སྒོར་༡༠

    མི་དམངས་ཤོག་སྒོར་སྒོར་བཅུའི་རྒྱབ་ངོས་ཀྱི་མཛེས་ལྗོངས་ནི“འབྲི་ཆུའི་འགག་གསུམ”རེད།


    “འབྲི་ཆུའི་འགག་གསུམ”གྱི་མཛེས་ལྗོངས་ནི་ཁྲུང་ཆིང་གྲོང་ཁྱེར་དུ་ཡོད་ཅིང་།  འབྲི་ཆུའི་འགག་གསུམ་ཁུལ་གྱི་ས་ཤུན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། འབྲི་ཆུ་ཤུགས་ཆེར་བབས་པ་ལས་གྲུབ་པ་ཞིག་ཡིན་པར་བརྟེན་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ངོགས་གཉིས་ཀྱི་རི་བོ་མཐོ་ཞིང་གཡང་གཟར་ཆེ་བས་སྤྱིར་འབྲི་ཆུའི་ངོས་ལས་སྨི་1000—1500ཡིས་མཐོ་བ་ཡོད།


    སྒོར་༢༠

    མི་དམངས་ཤོག་སྒོར་སྒོར་ཉི་ཤུའི་རྒྱབ་ངོས་ཀྱི་མཛེས་ལྗོངས་ནི“ཀུའེ་ལིན་གྱི་རི་ཆུ”ཡིན།


    ཀུའེ་ལིན་ནི་རིག་གནས་ཀྱི་གནའ་གྲོང་ཞིག་རེད། གྲོང་ཁྱེར་དེར་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཀུའེ་ལིན་གྱི་རི་ཀླུང་མཛེས་པས་རིག་གནས་པ་མང་པོའི་ཡིད་དབང་འཕྲོགས་ཏེ་སྙན་འཇེབས་ལྡན་པའི་སྙན་ངག་དང་རྩོམ་ཡིག་མང་དག་བྲིས་ཡོད་ལ།  རྡོ་བརྐོས་དང་ལྡེབས་རིས་ཉིས་སྟོང་ལྷག་ཙམ་བརྐོས་ཡོད།  ཀུའེ་ལེན་གྱི་རི་ཆུའི་མཛེས་པས་ཀུའེ་ལིན་རི་ཆུའི་རི་མོ་བ་མང་དག་ཅིག་གསོ་སྐྱོང་བྱས་ཡོད།


    སྒོར་༥༠

    མི་དམངས་ཤོག་སྒོར་སྒོར་ལྔ་བཅུའི་རྒྱབ་ངོས་ཀྱི་མཛེས་ལྗོངས་ནི“ཕོ་བྲང་པོ་ཏ་ལ”རེད།


    ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བསྐྲུན་ཅིང་།  དེ་ཡང་བཙན་པོ་ཉིད་ཕོ་བྲང་བྱམས་པ་མི་འགྱུར་གླིང(མལ་གྲོ་རྒྱ་མའི་ནང)ནས་ཕྱག་ཕེབས་ཏེ་སྐྱིད་ཤོད་དམར་པོ་རིར་གཟིམ་ཁང་དཀར་པོ་བསྐྲུན་ཅིང་བཞུགས།  དེ་རྗེས་བལ་བཟའ་ཁྲི་བཙུན་བཙུན་མོར་ཕེབས་རྗེས་ཕོ་བྲང་རྒྱས་སྐྲུན་བྱས་སྐོར《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“དམར་པོ་རིའི་ས་ཕྱོགས་སུ་ལྕགས་རིའི་ཕྲེང་བ་གསུམ་དུ་བསྐོར་བའི་ནང་མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ། དམར་པོ་རིའི་རྩེར་གཅིག་སྟེ་མཁར་སྟོང་ཡོད་པ”ཞེས་སོགས་གསལ།


    སྒོར་༡༠༠

    མི་དམངས་ཤོག་སྒོར་སྒོར་བརྒྱ་ཐམ་པའི་རྒྱབ་ངོས་ཀྱི་མཛེས་ལྗོངས་ནི“མི་དམངས་ཚོགས་ཁང་ཆེ་མོ”རེད།


    “མི་དམངས་ཚོགས་ཁང་ཆེ་མོ”ནི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་ནུབ་ངོས་སུ་གནས་ཡོད།  མི་དམངས་ཚོགས་ཁང་ཆེ་མོ་ནི་སྐབས་རིམ་བྱུང་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སོགས་འདུ་འཛོམས་ཆེན་པོ་སྐོང་ཚོགས་བྱ་ཡུལ་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། མི་དམངས་མང་ཚོགས་ཆབ་སྲིད་དང་། ཕྱི་འབྲེལ་བྱེད་སྒོ་སྤེལ་ས་ཞིག་ཀྱང་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།