[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཆུང་གི་འཐུས་མི་ཚོགས་པས་བོད་དུ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-08-29

     ཉེ་ཆར། ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཆུང་གི་འཐུས་མི་ཚོགས་པ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་གདན་ཞུས་ལྟར་ཀྲུང་གོར་འཚམས་འདྲིར་འབྱོར་བ་དང་འབྲེལ་བོད་དུ་ཡོང་ནས་དུས་ཡུན་ཉིན་4ཡི་རྟོག་ཞིབ་དང་འཚམས་འདྲི་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་ཡིས་ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཆུང་གི་ཀྲུའུ་ཞི་ནེ་ཅེ·ཏེ་ཝ་ཡིས་རུ་སྣེ་ཁྲིད་པའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

    ཅུས་ཅན་ཧྭ་ཡིས་ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་མཐུན་ཚོགས་ཆུང་ནི་ཡོ་རོབ་གྲོས་ཚོགས་ནང་གི་ཀྲུང་གོར་ཤེས་རྟོགས་དང་ཀྲུང་གོ་དང་མཇའ་གྲོགས་ཡོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། འདིས་དོན་དངོས་དང་མཐུན་པའི་ངང་ཀྲུང་གོ་ངོ་སྤྲོད་བྱ་རྒྱུར་ལེགས་སྐྱེས་ཕུལ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱི་རྒྱལ་གྱི་གྲོས་ཚོགས་དང་ཚོགས་པ་དང་སྤེལ་རེས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཛམ་གླིང་གིས་བོད་ལ་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་གི་ཡོད་ཅེས་གསུངས་པ་རེད།

    འཐུས་མི་ཚོགས་པ་དང་བཅས་པས་བོད་ཀྱི་ཡུན་རིང་ལ་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་བསྟོད་བསྔགས་བཏང་བ་རེད། ཁོང་ཚོས་ད་ཐེངས་རྟོག་ཞིབ་འཚམས་འདྲི་བརྒྱུད་དེང་གི་བོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། སྣོད་བཅུད་བཟང་བ། སློབ་གསོ་འདྲ་མཉམ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་པ་བཅས་ཀྱི་དུས་བབ་བཟང་པོ་མཐོང་བྱུང་། སླད་ཕྱིན་འཚམས་འདྲི་སྤེལ་རེས་བྱེད་སྒོ་དེ་བས་མང་ཙམ་སྤེལ་ནས་ཕན་ཚུན་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།