[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱིས་ཐེངས་དང་པོར་གཞི་ཁྱོན་ཆེན་པོས“ལྗང་གློག”སྤྱད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཨང་དྲུག་པ་དེ་ཡིན་ཞིང་། གློག་སྒུལ་རླངས་འཁོར་གཏོང་བའི་ཁྱེད་ཀྱིས་ཀྱང་དབུལ་སྐྱོར་ཐད་ལེཌ་སྐྱེས་འབུལ་ཐུབ། རྒྱལ་ཁབ་གློག་དྲ་ཀུང་སིས་ཚེས་17ཉིན་ཞིང་ཆེན་བརྒལ་ནས་མཚོ་སྔོན་གྱི་འོད་ཤུགས་དབུལ་སྐྱོར་གློག་ཤུགས་ཆན་ཝ་ཆུ་ཚོད་7000ཉོས་པ་དེ་དག་པེ་ཅིང་ས་ཁུལ་གྱི་གློག་གསོག་ས་ཚིགས་ཀྱི་གློག་གསོག་ཐད་སྤྱད་ཡོད། དེ་ཐོག་ནས་ཚེས་17ཉིན་ནས་འདི་ལོའི་ལོ་མཇུག་བར། པེ་ཅིང་གི་གློག་སྒུལ་རླངས་འཁོར་100%ཚང་མས་ནུབ་བྱང་གི་ལྗང་གློག་སྤྱོད་པ་མཚོན་ཐུབ།

    གསར་འགོད་པས་ཉིན་དེར་སྤེལ་བའི“རིག་ལྡན་རླངས་འཁོར་གྱི་དྲ་སྦྲེལ་དང་ལྗང་གློག་དབུལ་སྐྱོར”ཟུང་འབྲེལ་གྱི་སྤྱི་ཕན་བྱེད་སྒོ་ནས་ཤེས་རྟོགས་བྱས་པར། འདི་ནི་རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱིས་གཞི་ཁྱོན་ཆེན་པོས“ལྗང་གློག”སྤྱོད་ཐེངས་དང་པོ་ཡིན་པ་དང་སྔོན་རྩིས་བྱས་ན་གློག་གསོག་ཐེངས་ཁྲི་200ལྷག་བྱེད་ཐུབ། མཇུག་རྩིས་དངུལ་སློག་གི་བྱེད་ཐབས་ལྟར་ན། གློག་སྒུལ་རླངས་འཁོར་ལ་གློག་གསོག་སྐབས་ཏུའུ་རེ་ནས་རྒྱུན་གཏན་ལས་ཕིང་གཉིས་གིས་གོང་ཁེ་བ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།