[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • “རི་ཆུར་གཅེས་སྐྱོང་དང་མཚོ་མོར་སྲུང་སྐྱོབ་བྱེད”ཅེས་པའི་དང་བླངས་ཞབས་ཞུ་དང་སྤྱི་ཕན་དྲིལ་བསྒྲགས་བྱེད་སྒོ་ཡུན་ནན་ཏ་ལིར་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “རི་ཆུར་གཅེས་སྐྱོང་དང་མཚོ་མོར་སྲུང་སྐྱོབ་བྱེད”ཅེས་པའི་དང་བླངས་ཞབས་ཞུ་དང་སྤྱི་ཕན་དྲིལ་བསྒྲགས་བྱེད་སྒོ་ཡུན་ནན་ཏ་ལིའི་པའེ་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་བ་དང་། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་དང་ཆུ་བེད་པུས་མཉམ་དུ་གཙོ་གཉེར་བྱས་པ་རེད།

    བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཐེན་ཞུའེ་པིན་གྱིས་ཆུ་བེད་དང་བླངས་ཞབས་ཞུས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གལ་ཆེའི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས། ཆུ་བེད་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་འཐབ་ས་དང་པོར་ཧུར་ཐག་གིས་བསྐྱོད་དེ་རིགས་ཁག་གི་རི་ཆུར་གཅེས་སྐྱོང་དང་། ཆུའི་ཐོན་ཁུངས་སྲུང་སྐྱོབ། ཆུ་བེད་དབུལ་སྐྱོར། ཆུ་གྲོན་ཆུང་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བརྒྱུད། ཆུའི་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་རྒྱ་ཁྱབ་ངང་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཆུ་གྲོན་ཆུང་དང་ཆུ་ལ་སྲུང་སྐྱོབ་བྱེད་པའི་དར་སྲོལ་ཡག་པོ་ཞིག་གཏོད་དགོས་ཞེས་བརྗོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་ན་ནིང་གི་ལོ་མཇུག་སྔོན་དུ་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཆུ་དཔོན་དང་མཚོ་དཔོན་ཁྲི་30ལྷག་ཙམ་གཏན་འཁེལ་བྱས་པ་མ་ཟད། ཆུ་དང་མཚོར་དམིགས་ནས་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ལྐོག་བཤེར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་། ཆུ་དང་མཚོའི་ལྟ་འདོམས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ། ཆུ་དང་མཚོའི་མ་ལག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཆུ་དང་མཚོའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་རེད།

    མིག་སྔར། རྒྱལ་ཡོངས་སུ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དེ“མིང་ཡོད་པ”ཙམ་ནས“དངོས་ཤུགས་ལྡན་པའི”བར་ཕྱོགས་ཡོངས་ནས་འགྱུར་ལྡོག་བྱུང་བ་དང་། ཕྱོགས་ཡོངས་ནས་འཛུགས་པ་ནས་ཕྱོགས་ཡོངས་ནས་ཕན་འབྲས་ཐོན་པའི་བར་འགྱུར་ལྡོག་བྱུང་ཡོད། ཆུ་བེད་པུའི་ཆུ་དང་མཚོའི་དོ་དམ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལིའུ་ལིའུ་ཡན་གྱིས་རང་རྒྱལ་གྱི་ཆུ་དང་མཚོར་དོ་དམ་སྲུང་སྐྱོབ་ཀྱི་ལོ་རྒྱུས་ཁྲོད་དུ་མ་འདང་བའི་ཆ་མང་པོ་ཡོད་སྟབས། ཆུ་དང་མཚོའི་ཁོར་ཡུག་དང་ཆུ་བེད་སྣོད་བཅུད་ཀྱི་གནད་དོན་མངོན་གསལ་དོད་པ་དང་། ཆུ་དང་མཚོའི་སྣོད་བཅུད་བཅོས་སྒྲིག་དང་སྲུང་སྐྱོབ་བྱ་རྒྱུ་ཡང་ཡུན་རིང་བ་དང་དཀའ་ཚགས་ཆེ་བའི་ལས་འགན་ཞིག་ཡིན་པས། རྒྱུན་ཆད་མེད་པར་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཚོགས་ཧྲིལ་པོ་སྐུལ་སློང་བྱས་ཏེ་དང་བླངས་ཞབས་ཞུའི་རྣམ་པ་བརྒྱུད་མཚོ་མོར་སྲུང་སྐྱོབ་དང་། རུ་ཆུར་གཅེས་སྐྱོང་། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པ་བཅས་ཐད་ལེགས་སྐྱེས་འབུལ་རྒྱུ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།