[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ​ པར་རིས་སྣེ་འཛོམས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-08

    དབྱིན་ཇི།

    650128_yis_1565156685080.jpg

    ལོ་རེའི་ཟླ་8པར་འཛམ་གླིང་ས་གནས་ཁག་གི་ཁྲོམ་གཞུང་སྒྱུ་རྩལ་འཁྲབ་སྟོན་པ་ཨའེ་ཏིང་པའོ་མཐའ་ཁུལ་གྱི་སྒྱུ་རྩལ་དུས་ཆེན་དུ་ཡོང་ནས་སྒྱུ་རྩལ་ངོམ་སྟོན་བྱས་ཏེ་ཨའེ་ཏིང་པོའི་སྒྱུ་རྩལ་གྱི་རྣམ་པ་ཟབ་ཏུ་གཏོང་གི་ཡོད། 2019ལོའི་ཨའེ་ཏིང་པའོ་མཐའ་ཁུལ་གྱི་སྒྱུ་རྩལ་དུས་ཆེན་ཟླ་འདིའི་ཚེས་2ཉིན་འགོ་བཙུགས་པ་དང་ཚེས་26ཉིན་བར་རྒྱུན་མཐུད་རྒྱུ་ཡིན་ཞིང་། འདི་ནི་དབྱིན་ཇིའི་སུའུ་ཀི་ལན་ཨའེ་ཏིང་པའོ་རུ་ཡུལ་སྐོར་བ་ཞིག་གིས་གྲོང་ཁྱེར་ལྟེ་གནས་སུ་གསེག་ལ་བཞག་པའི་ཀང་ཆིན་ལ་ལྟ་བཞིན་པ།

    སི་རི་ཡ།

    650127_yis_1565156684750.jpg

    སི་རི་ཡའི་ཁཱ་སྨི་ཧྲེ་ལིའི་ཁྲོམ་གཞུང་དུ་མི་ཕར་འགྲོ་ཚུར་འོང་བྱེད་བཞིན་པ།

    ཨ་རི།

    650131_yis_1565156685980.jpg

    ཨ་རིའི་མན་དབྱི་ཀྲོའུ་ཤ་སྨི་འབྲུག་དབྱིབས་མའི་དུས་ཆེན་1947ལོར་གཏོང་འགོ་ཚུགས་ཤིང་། གོ་ལ་ཧྲིལ་པོའི་ཤ་སྨི་འབྲུག་དབྱིབས་མར་དགའ་མཁན་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་ཞིང་། འདི་ནི་ཉིན་ཤས་གོང་ཨ་རིའི་མན་དབྱི་ཀྲོའུ་ལོའུ་ཁོ་ལན་དུ་སྤེལ་བའི་ཤ་སྨི་འབྲུག་དབྱིབས་མའི་དུས་ཆེན་ལ་ཕྲུ་གུ་ཚོས་ཤ་སྨི་འབྲུག་དབྱིབས་མ་ཟ་བཞིན་པ།

    རྒྱ་གར།

    650129_yis_1565156685410.jpg


    “སྦྲུལ་གྱི་དུས་ཆེན”ནི་རྒྱ་གར་ཆོས་ལུགས་དུས་ཆེན་ཞིག་ཡིན། མི་རྣམས་ཀྱིས་ཉིན་དེར་བྱེད་སྒོ་སྣ་ཚོགས་སྤེལ་ནས“སྦྲུལ་ལྷར”དད་གུས་མཚོན་པར་བྱས་ཤིང་། འདི་ནི་རྒྱ་གར་ཨན་ལ་ཨ་པ་ཏེར་སྐྱེས་པ་གཉིས་ཀྱིས་སྲོལ་རྒྱུན་གྱི་སྦེ་ག་འགྲན་བཞིན་པ།

    ཅོར་ཏན་གཙང་པོའི་ནུབ་ངོགས།

    0011.jpg

    དམར་མཆོད་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་ས་གནས་མང་ཚོགས་ཀྱིས་དུས་ཆེན་གྱི་གྲ་སྒྲིག་བྱེད་འགོ་ཚུགས་ཤིང་། འདི་ནི་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ན་པོ་ལིའུ་སིའི་ཕྱུགས་ཟོག་ཉོ་ཚོང་ཁྲོམ་རར་ཕ་ལེ་སི་ཐན་གྱི་ཚོང་པས་ཕྱུགས་ཟོག་འཚོང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།