[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཐེན་ཧྲན་རི་བོའི་ལྷོ་བྱང་གི་མང་ཚོགས་རྣམས་བདེ་སྡོད་ཁང་པའི་ནང་སྡོད་རྒྱུ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཤིན་ཅང་གིས་དམངས་འཚོར་ཉེ་བཅར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ལོ་མང་རིང་ནོར་སྲིད་ཀྱི་གཏོང་སྒོ་70%ཡན་དམངས་འཚོ་ལེགས་བཅོས་འགན་ལེན་ཐད་སྤྱད་ནས། སྡོད་ཁང་དང་ལས་ཞུགས་སོགས་ཀྱི་གཙོ་གནད་དམངས་ཕན་འདུ་འགོད་ལ་སྐུལ་འདེད་རྒྱུན་མཐུད་ནས་བཏང་བས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དཀའ་གནད་མང་པོ་ཞིག་ཐག་གཅོད་ཐུབ་ཡོད། ཤིན་ཅང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བཏང་བས་གྲོང་མིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་པ་ལོངས་སྤྱོད་ཐུབ་ཡོད། 2018ལོར་ཤིན་ཅང་གིས་གྲོང་གསེབ་དམངས་ཕྱུག་བདེ་སྡོད་ཁང་པ་ཁྲི་28.2བརྒྱབ་པ་དང་དང་ཆབས་ཅིག ཤིན་ཅང་གིས་ད་དུང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་ཁྲི་47.09བསྒྱུར་བཀོད་བྱས་པ་རེད།

    648499_yis_1564724123487_s.jpg

    2019ལོར་ཤིན་ཅང་གིས་མུ་མཐུད་གྲོང་གསེབ་བདེ་སྡོད་དང་། འབྲོག་པའི་བདེ་སྡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སོགས་ལ་མུ་མཐུད་སྐུལ་འདེད་བཏང་ནས། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། འདི་ནི་ཤིན་ཅང་ཐ་ཧྲན་ཁུར་ཀན་ཐ་ཇི་ཁེ་རང་སྐྱོང་རྫོང་ཏ་ཐུང་ཤང་གི་ཨ་དབྱི་ཁེ་རི་ཁེ་གྲོང་ཚོའི་ཡུལ་མི་སྨིར་མེ་མེ་ཐི·ཨེ་ཧྲན་མེ་མེ་ཐའི(དཀྱིལ)ནང་མི་ཚོ་བདེ་སྡོད་ཁང་པའི་ནང་ཁ་ལག་ཟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།