[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་སྲུང་མཁན་ཀྲའུ་ཀོང་ཁྲེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-05

    ཅིས་ནན་ལྕགས་ལམ་སྤྱི་བདེ་ཁྲུའུ་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐའེ་ཨན་བབས་ཚུགས་མངགས་གཏོང་ཁང་ཨོ་ལུང་ཡུས་ཉེན་དོན་ཁུལ་གྱི་མི་དམངས་ཉེན་རྟོག་པ་ཀྲོའུ་ཀོང་ཁྲེང་ནི་རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ཞིག་ཡིན་ཞིང་། 1981ལོར་དམག་མིར་ཞུགས་རྗེས་ཐིག་ལེན་རིས་འབྲིའི་ཁྱད་ཡོན་ལྡན་པའི་ཁོང་ཐིག་རིས་འགོད་མཁན་དམག་མི་ཞིག་ཏུ་གྱུར།

    1987ལོར་ཀྲོའུ་ཀོང་ཁྲེང་ཅིས་ནན་ལྕགས་ལམ་སྤྱི་བདེ་ཁྲུའུ་རུ་ལས་བསྒྱུར་བྱས། 2010ལོར་ཀྲོའུ་ཀོང་ཁྲེང་ཐའེ་ཧྲན་རི་བོའི་དབུས་སུ་གནས་པའི་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཨོ་ལུང་ཡུས་ཉེན་དོན་ཁུལ་གྱི“ལྕགས་ལམ་སྲུང་སྐྱོང་བ”ཞིག་ཏུ་གྱུར་ནས་དེ་གའི་ལམ་རྒྱུད་ཀྱི་བདེ་འཇགས་སྐོར་སྲུང་ལས་དོན་གྱི་འགན་འཁུར་བཞིན་ཡོད།

    ཁོངས་གཏོགས་ས་ཁུལ་གྱི་སྤྱི་ལེ་20ཡོད་པའི་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ལ་ཀླུང་མང་པོ་བརྒལ་དགོས་ཤིང་། ལམ་ཐག་རིང་བ་དང་རི་ལམ་ཀྱག་ཀྱོག་ཡིན་པས་སྐོར་སྲུང་ལས་དོན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ཀྲོའུ་ཀོང་ཁྲེང་གིས་ཡང་བསྐྱར་ཐིག་ལེན་རིས་འབྲི་བྱས་ཏེ་ལྕགས་ལམ་སྲུང་བའི་རང་ཉིད་ཀྱི་འཇོན་ཐང་ངོམ་སྟེ། གོམ་པ་རེ་ལ་རྐང་རྗེས་རེའི་དཔེ་ལྟར་ལྕགས་ལམ་ལམ་རྒྱུད་ལ་རྩད་ཞིབ་ཐིག་ལེན་བྱས་པས་རིང་ཚད་ལ་སྨི་6ཡོད་པའི་ཁོངས་གཏོགས་ས་ཁུལ་གྱི་དཔེ་སྟོན་རི་མོ་རྩེ་གྲ་ཞིག་གྲུབ་འབྲས་ཐོབ་པའི་ངང་བྲིས་པ་མ་ཟད། རྟག་ཏུ་དེར་བལྟས་ནས་སེམས་ལ་ངེས་ཀྱི་ཡོད་པས་ལས་རོགས་ཚོས་ཁོང་ལ“ས་བཀྲ་གསོན་པ”ཞེས་འབོད་ཀྱི་ཡོད།

    648830_yis_1564894671529_s.jpg

    འདི་ནི་སྒྲིག་སྦྱོར་བྱས་པའི་པར་རིས་ཤིག་ཡིན་ཞིང་། པར་གོང་མ་ནི་1984ལོར་ཀྲོའུ་ཀོང་ཁྲེང་གིས་ཐིག་ལེན་རིས་འབྲིའི་དམག་མི་བྱེད་སྐབས་རི་མོ་འབྲི་བཞིན་པ། པར་འོག་མ་ནི་ཀྲོའུ་ཀོང་ཁྲེང་གིས་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐའེ་ཨན་བབས་ཚུགས་མངགས་གཏོང་ཁང་ཨོ་ལུང་ཡུས་ཉེན་དོན་ཁུལ་གྱི་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་པ།

    648829_yis_1564894671369_s.jpg

    འདི་ནི་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐའེ་ཨན་བབས་ཚུགས་མངགས་གཏོང་ཁང་ཨོ་ལུང་ཡུས་ཉེན་དོན་ཁུལ་དུ་ཀྲོའུ་ཀོང་ཁྲེང་གིས་ལྕགས་དྲ་འཁྱེར་ནས་སྲུང་སྒྲོམ་ཉམས་བཟོ་བྱེད་བཞིན་པ།

    648842_yis_1564894864593_s.jpg

    འདི་ནི་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐའེ་ཨན་བབས་ཚུགས་མངགས་གཏོང་ཁང་ཨོ་ལུང་ཡུས་ཉེན་དོན་ཁུལ་དུ་ཀྲོའུ་ཀོང་ཁྲེང(གཡོན)གིས་ཆུ་ཡུར་གཤོང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།