[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ​ སྡོད་ཁང་འཛུགས་སྐྲུན་པུས།

    ​ བྱ་ཐབས་སྣ་མང་གི་ཐོག་ནས་རྒྱལ་ཡོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    ཉིན་ཤས་གོང་སྡོད་ཁང་འཛུགས་སྐྲུན་པུས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བསྟན་དོན།

    མིག་སྔའི་བར།

    ཀྲུང་དབྱང་ཚན་པ་134དང་། པེ་ཅིང་དུ་བཅའ་སྡོད་དཔུང་སྡེ་27 ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་བཅས་ཀྱིས་འཚོ་བའི་གད་སྙིགས་རིགས་དབྱེ་རྒྱུར་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་།

    གཙོ་གནད་གྲོང་ཁྱེར་46གི་འཚོ་བའི་གད་སྙིགས་གཙང་སེལ་གྱི་རིགས་དབྱེ་ནས་བླུགས་པ་དང་། རིགས་དབྱེ་ནས་བསྡུ་རུབ། རིགས་དབྱེ་ནས་དབོར་འདྲེན། རིགས་དབྱེ་ནས་ཐག་གཅོད་བཅས་ཀྱི་མ་ལག་རིམ་བཞིན་སྐྲུན་བཞིན་ཡོད་པ།

    ཐབ་ཚང་གི་གད་སྙིགས་རིགས་དབྱེ་དབོར་འདྲེན་བྱེད་མཁན་རླངས་འཁོར་5000ཙམ་དང་གནོད་ལྡན་གད་སྙིགས་ཀྱི་རིགས་དབྱེ་དབོར་འདྲེན་རླངས་འཁོར་1000ཙམ་སྒྲིག་སྦྱོར་བྱས་པ།

    དེ་དང་ཆབས་ཅིག་མུ་མཐུད་སྒོར་དུང་ཕྱུར་213བཏང་ནས་གད་སྙིགས་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་གྱི་དགོས་མཁོ་སྐོང་རྒྱུ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།