[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ལོ་བདུན་ཅུར་སླེབས་པའི་ཏང་ཡོན་ཞའོ་ཆིན་ཧྥུའུ།

    ​ —— མཛེ་ནད་ཕོག་མཁན་གྱི་བདེ་ཐང་སྲུང་སྐྱོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    638170_yis_1562047894087.jpg

    འདི་ནི་ཅང་ཤིས་ཞིང་ཆེན་ཡུས་ཏུའུ་རྫོང་ཧོང་ལིན་ཤང་དུ་གནས་པའི་ཨན་པེ་བདེ་ཐང་སླར་གསོ་ལྟེ་གནས་ཡིན་པ(ཟླ་6ཚེས་25ཉིན་མི་མེད་གནམ་གྲུས་པར་བླངས)

    638169_yis_1562047893777.jpg

    ཞའོ་ཆིན་ཧྥུའུ་ཡིས་བདེ་ཐང་སླར་གསོ་ལྟེ་གནས་སུ་ནད་པ་ཞིག་ལ་སྨན་ཁབ་རྒྱག་བཞིན་པ།

    638171_yis_1562047894417.jpg

    འདི་ནི་ཞའོ་ཆིན་ཧྥུའུ(དཀྱིལ)ཡིས་ས་གནས་དེའི་གྲོང་མིའི་མིག་ཤེད་ཚོད་ལེན་བྱེད་བཞིན་པ(ཟླ་6ཚེས་25ཉིན་པར་བླངས)

    མ་ཧའེ་ཏེ་བྱ་དགའ།

    མ་ཧའེ་ཏེ་བྱ་དགའ་ཞེས་པ་ནི་ཨ་རིའི་སྨན་པ་འབུམ་རམས་པ་མ་ཧའེ་ཏེ་ལ་དྲན་གསོ་ཞུ་བ་མ་ཟད་དེ་ནི་ཀྲུང་གོའི་མཛེ་ནད་འགོག་བཅོས་དང་། ཞིབ་མཇུག དོ་དམ་བཅས་བྱེད་མཁན་གྱི་ཕུལ་བྱུང་ལས་དོན་པར་གཟེངས་བསྟོད་དང་བྱ་དགའ་སྤྲོད་ཆེད་བཙུགས་པའི་བྱ་དགའ་ཞིག་རེད། བྱ་དགའ་དེ་མ་ཧའེ་ཏེ་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་རེར་བྱ་དགའ་ཐེངས་རེ་སྤྲོད་ཀྱི་ཡོད་ལ་གསོ་རིག་ཁོངས་གཏོགས་ཀྱི་མཚན་སྙན་མཐོ་ཤོས་ཀྱི་བྱ་དགའི་གྲས་ཤིག་ཀྱང་རེད།

    ཅང་ཤིས་ཞིང་ཆེན་ཡུས་ཏུའུ་རྫོང་ཧོང་ལིན་ཤང་དུ་དམིགས་བསལ་གྱི་སྨན་ཁང་ཞིག་ཡོད་པ་ནི་ཨན་པེ་བདེ་ཐང་སླར་གསོ་ལྟེ་གནས་ཞེས་པ་དེ་ཡིན་ཞིང་། ས་ཆ་དེ་གའི་མི་སེར་ཚོས“མཛེ་ནད་གྲོང་ཚོ”ཞེས་འབོད་ཀྱི་ཡོད། དེ་གར་ལོ་70ལ་སླེབས་པའི་ཏང་ཡོན་ཞའོ་ཆིན་ཧྥུའུ་ཡིས་ལས་རོགས་དང་མཉམ་དུ་མཛེ་ནད་ཕོག་མཁན་ལ་ཡུན་རིང་ལྟ་སྐྱོང་བྱས་ནས་ཁོང་ཚོར་སྤྱི་ཚོགས་ཀྱི་དོ་ཁུར་དང་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་བར་བྱེད་ཀྱི་ཡོད།

    དུས་རབས་20པའི་ལོ་རབས་70པར་ཞའོ་ཆིན་ཧྥུའུ་ཅང་ཤིས་ལྷོ་རྒྱུད་ཀྱི་འཕྲོད་བསྟེན་སློབ་གྲྭ་ནས་ཐོན་རྗེས་ཨན་པེ་བདེ་ཐང་སླར་གསོ་ལྟེ་གནས་སུ་ལས་བགོས་བརྒྱབ་ཡོད། སྐབས་དེ་དུས་མི་མང་པོ་ཞིག་གིས་མཛེ་ནད་ལ་རྒྱུས་མངའ་མེད་པས་མཛེ་ནད་ཕོག་མཁན་དང་མཛེ་ནད་འགོག་བཅོས་བྱེད་མཁན་སྨན་པར་རྟག་ཏུ་ཟུར་འབུད་བྱེད་ཀྱི་ཡོད་པས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་དགོས་ཀྱི་ཡོད།

    སྐབས་དེ་ནས་བཟུང་ཞའོ་ཆིན་ཧྥུའུ་ཡིས་མཛེ་ནད་འགོག་བཅོས་ཀྱི་ལས་གནས་དང་ཁ་གཏན་ནས་བྲལ་མྱོང་མེད་ཅིང་། ལོ་མང་རིང་ཞའོ་ཆིན་ཧྥུའུ་ཡིས་མཛེ་ནད་ཕོག་པ་དང་ནད་ལོག་བརྒྱབ་པའི་ནད་པ་300ལྷག་ཙམ་ལ་སྨན་བཅོས་བྱས་ཡོད་ལ་བདེ་ཐང་སླར་གསོའི་གཤགས་བཅོས་100ལྷག་ཙམ་བྱས་ཡོད། 2010ལོར་ལས་ཀའི་གྲུབ་འབྲས་ཕུལ་དུ་བྱུང་བས་ཞའོ་ཆིན་ཧྥུའུ་ལ་མཛེ་ནད་འགོག་བཅོས་ཀྱི་འཐབ་སའི་མཚན་སྙན་མཐོ་ཤོས“མ་ཧའེ་ཏེ་བྱ་དགའ”ཞེས་པ་ཐོབ་ཡོད།

    2011ལོ་ནས་བཟུང་རྒན་ཡོལ་ཞུས་པའི་ཞའོ་ཆིན་ཧྥུའུ་ཡིས་རང་ཉིད་ཀྱི་ནད་པ་བློས་གཏོང་མི་ཐུབ་པར་ནད་པར་དགོས་མཁོ་ཡོད་ཚེ་ཁོང་གིས་སྔར་རྒྱུན་བཞིན་སྨན་སྒམ་འཁྱེར་ནས་འོས་འགན་སྨན་བཅོས་ཞབས་ཞུ་སྒྲུབ་ཀྱི་ཡོད།

    ལོ་45ཉིན་གཅིག་ལྟར་མཛེ་ནད་ཕོག་མཁན་ལ་བདེ་ཐང་སླར་གསོའི་སྨན་བཅོས་བྱས་ཏེ་ཞའོ་ཆིན་ཧྥུའུ་ཡིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོན་རྒན་གྲས་ཀྱི་ནད་པར་བཅངས་པའི་ཐོག་མའི་བསམ་འདུན་མཚོན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།