[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཞི་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-15

    ཤིན་ཧྭ་གསར་འགྱུར་ཁང་པི་སི་ཁེག་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་པི་སི་ཁེག་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་རང་བཙན་བྱུང་ནས་ལོ་100འཁོར་བ་དང་ཨ་ཧྥུ་ཀ་ནི་སི་ཐན་སྔ་ཙམ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་མངོན་འགྱུར་ཡོང་རྒྱུའི་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་དང་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་གྱི་དངོས་སྒྲུབ་མཉམ་ལས་རྣམ་གྲངས་བརྟན་པོའི་ངང་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་ལ་གཞིགས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རོགས་རམ་བྱ་རྒྱུ་ཡིན་ལ་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས“ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལམ་ལས་འགུལ”གྱི་འཇིགས་སྐུལ་ཕྱོགས་གཏོགས་ལ་རྡུང་རྡེག་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས“ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་བོ་བྱེད་པ་དང་ཨ་ཧྥུ་ཀ་ནི་སི་ཐན་བར་དབང་བའི”རྒྱ་ཁྱབ་བསྟུན་མཁས་ཀྱི་ཞི་བའི་བར་འདུམ་བརྒྱུད་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། མུ་མཐུད་ཐབས་ལམ་སྣ་ཚོགས་བརྒྱུད་ཞི་བའི་བར་འདུམ་ལ་བརྟེན་ནས་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ནང་ཁུལ་གྱི་གླེང་མོལ་ལ་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་དབར་གྱི་འབྲེལ་བ་ལེགས་སུ་འགྲོ་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་འགྲོ་བ། མཉམ་ལས་ལས་དོན་སྤེལ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ང་ཚོས་ཀྲུང་གོ་དང་། ཨ་ཧྥུ་ཀ་ནི་སི་ཐན། ཕ་ཁི་སི་ཐན་བཅས་ཕྱོགས་གསུམ་གྱི་མཉམ་ལས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

    ཅ་ཉིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་ལུགས་བཏོན་པ་དེ་ནི་དུས་རབས་ཉེར་གཅིག་པར་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་རེད། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བའི་བར་འདུམ་བརྒྱུད་རིམ་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་དང“ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལམ་གྱི་ལས་འགུལ”ཚུད་པའི“ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ངོས་འཛུགས་སྐྲུན་གལ་ཆེན་གྱི་འཕེལ་རྒྱས་འཆར་འགོད་དང“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྲོས་འགོ་འབྲེལ་མཐུད་བྱས་ཏེ་དེ་བས་ཟབ་པའི་ཨ་ཧྥུ་ཀ་ནི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་བ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།