[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-15

    ཤིན་ཧྭ་གསར་འགྱུར་ཁང་པི་སི་ཁེག་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་པི་སི་ཁེག་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཕུའུ་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ་དང་། ཐུའོ་ཁ་ཡེ་ཕུའུ་ཡིས་ཀྲུང་ཧའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་ཧའི་འབྲེལ་བའི་ལོ་རྒྱུས་རིང་ལ་བརྟན་པོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་27སོང་རིང་ཀྲུང་ཧའི་འབྲེལ་བ་རྒྱུན་ཆད་མེད་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་རབས་ཁ་ཤས་ཀྱིས་སྲུང་སྐྱོང་ཞིབ་ཚགས་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བའི་འབྲས་བུ་ཞིག་ཡིན་པས། ང་ཚོས་གཅེས་སྤྲས་ལྡབ་འཕར་བྱེད་དགོས། ཀྲུང་ཧའི་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྨང་གཞི་བརྟན་པོ་དང་། ཁ་ཕྱོགས་གསལ་བ། གོམ་སྟབས་བརྟན་པོ་བཅས་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བརྟན་པོ་བྱེད་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པ་སྦྲེལ་མཐུད་གཏིང་ཟབ་བྱས་ནས་ཀྲུང་ཧའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་དེ་གའི་མི་དམངས་ལ་ཕན་པ་རྒྱ་ཁྱབ་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཐུའོ་ཁ་ཡེ་ཕུས་ང་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་བསྐོས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ཡང་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཧ་སག་སི་ཐན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་ཚུད་ཁ་ཕྱོགས་གཙོ་བོ་དེ་ཡིན་པས། ཧ་སག་སི་ཐན་གྱི་འཕེལ་རྒྱས་དང་ས་ཁུལ་བརྟན་ལྷིང་དར་རྒྱས་ཡོང་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་མ་ཟད། ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་ཀྱིས་ཚོང་དོན་དང་། འགྲིམ་འགྲུལ། ཟོག་འགྲེམས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་མཐུན་སྦྱོར་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།