[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ​ ས་སེར་མཐོ་སྒང་དུ་གོས་ལྗང་བཀླུབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    630792_yis_1560145438565_s.jpg

     ས་སེར་མཐོ་སྒང་དུ་གནས་པའི་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཝུའུ་ཆི་རྫོང་ནི་སྔོན་མ་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱེད་རིང་གཞིས་ཚུགས་ས་དང་རྒྱལ་ཡོངས་ཀྱི་རྨོ་བསྐྱུར་ནགས་གསོ་བྱ་ཡུལ་རྫོང་དང་པོ་རེད། ལོ་20ཡི་རིང་། ཝུའུ་ཆི་རྫོང་གིས་རྨོ་བསྐྱུར་ནགས་གསོ་དང་རི་རྒོད་ནགས་གསོ་ཁྱོན་མུའུ་ཁྲི་245བྱས་པ་རེད། རྨོ་བསྐྱུར་ནགས་གསོ་བྱས་རྗེས། ས་གནས་དེ་གའི་མང་ཚོགས་ཀྱིས་འབྲུ་རིགས་འདེབས་འཛུགས་གཙོ་བོར་བྱེད་པ་དང་འདེབས་རྒྱ་ཆེ་ཡང་ཡོང་འབབ་ཉུང་བའི་སྲོལ་རྒྱུན་གྱི་ས་ཞིང་གཉེར་སྐྱོང་བྱེད་མཇུག་འགྲིལ་ནས་སྡོད་མལ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་ཡོད། འདི་ནི་ཧྲའན་ཤིས་ཞིང་ཆེན་ཝུའུ་ཆི་རྫོང་ཤིས་ཀའུ་གྲོང་ཚོའི་མཐའ་འཁོར་གྱི་ལྗང་མདོག་ཡུལ་ལྗོངས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།